དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “སའི་གོ་ལའི་འཇའ་སྐེད”ལས“མེ་ཏོག་དཔལ་འབྱོར”ལ་གསོན་ཤུགས་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    དེང་གི་ཆར“སའི་གོ་ལའི་འཇའ་སྐེད”ཅེས་གྲགས་པའི་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་གྱི་སྟག་མ་མེ་ཏོག་མཛེས་ལྗོངས་ཁུལ་དུ་སྟག་མ་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་ནས་ཡུལ་སྐོར་བ་མང་པོ་ཞིག་མེ་ཏོག་ལ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    མེ་ཏོག་ལ་ལྟ་བའི་ཡུལ་སྐོར་གྱིས་ས་གནས་དེ་གའི་གསོལ་མགྲོན་ཁང་དང་། དམངས་སྲོལ་གནས་ཚང་། ཁྱད་ལྡན་བཟའ་བཏུང་། མེ་ཏོག་གསོ་སྤེལ། རིག་གནས་བསམ་བཀོད་ཐོན་ལས་སོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། སྟག་མ་མེ་ཏོག་དོ་དམ་ཁུལ་གྱིས་མཛེས་ལྗོངས་ཁུལ་ཧྲིལ་པོ་ལེགས་སུ་གཏོང་བ་དང་། ས་ཁོངས་ཧྲིལ་པོར་ཞབས་འདེགས་ཞུ་བ། བཅོས་སྐྱོང་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ནས་ཐོན་ལས་ཁུལ་ཧྲིལ་པོ་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ“མེ་ཏོག་དཔལ་འབྱོར”གྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་ཡོད་ཅིང་། འདི་ནི་ཡུལ་སྐོར་བས་སྟག་མ་མེ་ཏོག་དོ་དམ་ཁུལ་གྱི་ཕུ་ཏི་མཛེས་ལྗོངས་ཁུལ་དུ་མེ་ཏོག་གི་མཛེས་པར་རོལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།