དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཞིང་སྤྱོད་རྒྱུ་ཆ་རྫུན་མར་རྡུང་རྡེག་བཏང་ནས་དཔྱིད་རྨོད་ལ་འགན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    ཟླ་4ཚེས་3ཉིན། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ“ཞིང་སྤྱོད་རྒྱུ་ཆ་རྫུན་མར་རྡུང་རྡེག་བཏང་ནས་དཔྱིད་རྨོད་ལ་འགན་ལེན་བྱེད། བློ་བདེའི་ཞིང་སྤྱོད་རྒྱུ་ཆར་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་ཞིང་སྤྱོད་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་འགོ་ཚུགས་མཛད་སྒོ་དང་བློ་བདེའི་ཞིང་སྤྱོད་རྒྱུ་ཆ་གྲོང་ཚོར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་སྲིད་ཇུས་སྒྲོག་འགྲེལ་དང་། ཞིང་སྤྱོད་རྒྱུ་ཆ་འགྲེམས་སྟོན། མཉམ་འབྲེལ་ཞིབ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་འབྲོག་མང་ཚོཌ་ཀྱི་རྫུན་མ་དབྱེ་འབྱེད་དང་ཁེ་དབང་སྲུང་སྐྱོང་གི་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་མ་ཟད། ཞིང་སྤྱོད་རྒྱུ་ཆ་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་འབྱུང་རྩ་ནས་འགན་སྲུང་བྱས་ཤིང་། འདི་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།