རང་ལྗོངས་ཀྱི་ཞིང་པའི་མཉམ་ལས་ཁང་ལ་ཕྱིར་གཏོང་གི“མངགས་ཐོ་དང་པོ”རག་པ།
ཉེ་ཆར། ལྷུན་གྲུབ་རྫོང་ཕུ་མདོ་ཤང་སྟག་ལུང་གྲོང་ཚོའི་མིང་ཨེན་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ས་མཐོའི་ཁྱད་ལྡན་འབྲི་གཡག་གི་རུས་པའི་དཀར་ཡོལ་ཁག་དང་པོ་ཧྲེན་ཀྲེན་མཚོ་ཁུག་འགག་སྒོ་ནས་བདེ་བླག་བསྒྲལ་ནས། ཀྲུང་གོའི་ཤང་ཀང་གི་ཁྲོམ་རར་ཕྱིར་ཚོང་ཐུབ་སྟེ། རང་ལྗོངས་ཀྱི་ཞིང་པའི་དཔལ་འབྱོར་མཉམ་ལས་ཁང་ལ་ཕྱིར་གཏོང་གི“མངགས་ཐོ་དང་པོ”རག་པ་དང་། སྟག་ལུང་གྲོང་ཚོའི་རུས་པའི་དཀར་ཡོལ་ཐོན་ལས་འཕེལ་རྒྱས་ཡག་པོ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྟག་ལུང་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་ལས་དོན་རུ་ཁག་ཁག་བཅུ་བཞི་པས་སྲོལ་རྒྱུན་གྱི་འབྲི་གཡག་གི་རུས་པ་དང་དེང་རབས་ཀྱི་དཀར་ཡོལ་བཟོ་རྩལ་མཉམ་འདྲེས་གཏིང་ཟབ་བྱས་ཏེ“ཞི་མཐུན་སྟག་ལུང”དང་། “རུས་པའི་དཀར་ཡོལ” “ཚེ་སྲོག་གི་འོད་སྣང”སོགས་ཀྱི་ཐོན་རྫས་རབ་དང་རིམ་པ་བཟོས་ནས། འབྲི་གཡག་གི་རུས་པ“བེད་མེད་ཐོན་ཁུངས”ནས“རྩེར་སོན་ཐོན་རྫས”ལ་འགྱུར་བར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།