དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “2026ལོའི་གནམ་རྒྱ”ཡི་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-06

    ཟླ་4ཚེས་2ཉིན། ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་མི་རྒྱུ་གཉིས་འདེད་དང་རྒྱལ་སྒྲོལ་རུལ་སུངས་བཅོས་སྒྲིག་ལས་དོན་གཞུང་ལས་ཁང་གིས་ཚོགས་འདུ་འཚོགས་ནས། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། 2026ལོའི་རུལ་རྒོལ་གྱི་རྒྱལ་སྤྱིའི་མི་རྒྱུ་གཉིས་འདེད་དང་རྒྱལ་མཚམས་བརྒལ་བའི་རུལ་སུངས་བཅོས་སྒྲིག་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ནས། “2026ལོའི་གནམ་རྒྱ”ཡི་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།

    ཚོགས་འདུའི་ཐོག 2025ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་ཐད་ཀའི་བཀོད་འདོམས་འོག གཞུང་ལས་ཁང་གི་ཁོངས་མིའི་ཚན་པ་ཁག་དང་དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མི་རྒྱུ་གཉིས་འདེད་ལ་རྡུང་རྡེག་ཚ་ནན་རྒྱུན་འཁྱོངས་བྱས་པར། “འཛིན་རྒྱ་དམར་ཅན་བརྒྱ”ཨེ་ཤེ་ཡའི་ས་ཁུལ་དུ་གཅིག་ཀྱང་མ་ལུས་པ་འཛིན་བཟུང་ཐུབ་ཡོད། རྒྱལ་མཚམས་བརྒལ་བའི་རུལ་སུངས་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང“རྒྱུད་གཅིག་ལམ་གཅིག”གི་སྤྱོད་གཙང་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་བས་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག “2026ལོའི་གནམ་རྒྱ”ཡི་བྱ་སྤྱོད་སྤེལ་འགོ་འཛུགས་རྒྱུའི་ཐག་བཅད་པ་རེད། དེའི་ནང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ལས་ཐོག་ཉེས་གསོག་གི་བཙོག་དངུལ་ཕྱི་རྒྱལ་དུ་འདེད་ལེན་བྱས་ནས་གྱོང་གུན་གསབ་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་དང་། སྤྱི་བདེ་པུས“ཝ་རྔོན”གྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་བདེ་པུའུ་དང་མཉམ་དུ་ས་ཁོངས་བརྒལ་བའི་ཀུང་སི་དང་ས་འོག་དངུལ་ཁང་བརྒྱུད་ནས་ཕྱི་རྒྱལ་དུ་བཙོག་དངུལ་བཅོལ་བ་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ། ཀྲུང་དབྱང་རྩ་འཛུགས་པུས་སྤྱི་བདེ་པུའུ་དང་རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས་དང་མཉམ་དུ“དཔོན་ཧྲེང”གི་ལས་གནས་དོ་དམ་དང་གཞུང་ལས་པས་སྒེར་དོན་ཆེད་ཕྱི་རྒྱལ་དུ(རྒྱལ་མཚམས་སྒྲོལ་བ)ཕྱིན་པའི་སྒྲིག་འགལ་གནད་དོན་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།