གློག་གསོག་འབོ་དང་ཕྱི་རོལ་གློག་ཁུངས་ཀྱི་ཚད་གཞི་གསར་པ་བཏོན་པ།
བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི《སྒུལ་བདེའི་གློག་ཁུངས་ཀྱི་བདེ་འཇགས་ལག་རྩལ་ཚད་གཞི》(GB 47372—2026)ཚེས་3ཉིན་ཁྱབ་བསྒྲགས་བྱས་པ་དང་2027ལོའི་ཟླ་4ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
ལག་རྩལ་ཚད་གཞི་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་སྒྲིག་འཛུགས་བྱས་ནས་བཟོས་པ་དེས་སྒུལ་བདེའི་གློག་ཁུངས་ཁྲོམ་ར་ཚད་ལྡན་དུ་གཏོང་བ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་ལ་ནུས་པ་གལ་ཆེན་ཐོན་རྒྱུ་རེད།
སྒུལ་བདེའི་གློག་ཁུངས་ལ་ཁྱེར་བདེའི་སྒུལ་བདེའི་གློག་ཁུངས་དང་ཁྱེར་བདེའི་ནུས་གསོག་གློག་ཁུངས་ཁག་གཉིས་ཡོད། དེ་ནི་འཛད་སྤྱོད་པས་རྒྱུས་མངའ་ཆེ་བའི་གློག་གསོག་འབོ་དང་སྒར་བརྒྱབ་ནས་སྡོད་སྐབས་རྒྱུན་དུ་སྤྱོད་པའི་ཕྱི་རོལ་གྱི་གློག་ཁུངས་ཤིག་རེད། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་སྒུལ་བདེའི་གློག་ཁུངས་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་དང་འཛད་སྤྱོད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཡིན་མོད། འོན་ཀྱང་ཁེ་ལས་ཁག་གཅིག་ལ་བཟོ་རྩལ་ལག་རྩལ་རྗེས་ལུས་ཐེབས་པ་དང་ཐོན་རྫས་ཀྱི་སྤུས་ཚད་ལེགས་ཉེས་མི་འདྲ་བ་སོགས་ཀྱི་གནད་དོན་ཡོད།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ལག་རྩལ་གྱི་ཚད་གཞི་བཟོས་པ་དེས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ནུས་ལྡན་ཐུབ་ཡོད་ལ་ཁེ་ལས་ཀྱི་ལག་རྩལ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུའང་ཕྱིན་ཡོད། ཚད་གཞི་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་རྗེས་འཛད་སྤྱོད་པས་བཙན་ཤེད་རང་བཞིན་གྱི་ཐོན་རྫས་དཔང་ལེན(CCCདཔང་ལེན)བྱས་པའི་ལུགས་མཐུན་གྱི་སྒུལ་བདེའི་གློག་ཁུངས་ཐོན་རྫས་ཉོས་ཟིན་ཚེ་མུ་མཐུད་རྒྱུན་གཏན་ལྟར་བེད་སྤྱོད་བྱེད་ཆོག ཁེ་ལས་ཀྱི་ངོས་ནས་བརྗོད་ན། ལག་རྩལ་གྱི་ཚད་གཞིའི་བླང་བྱར་ནན་པོར་གཞིགས་ནས། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཇུས་འགོད། ཐོན་སྐྱེད་བཅས་བྱས་ཏེ་མ་བཅོས་རྒྱུ་ཆ་དང་དེ་བཞིན་འགག་རྩའི་ལྷུ་ལག་མཁོ་འདོན་ཚོང་པ་གདམ་གསེས་དང་དེར་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ཟླ་བ་12ཀྱི་བར་བརྒལ་དུས་ཚོད་མཇུག་འགྲིལ་རྗེས་ཐོན་རྫས་ཀྱི་དམིགས་ཚད་ཁག་ཚད་གཞི་གསར་པའི་གཏན་འབེབས་དང་མཐུན་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།