ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་ལྔ་པས་ཚུར་ལན་སྤྲད་པ།
ཉེ་ཆར། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་ལྔ་པས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན(གྲོང་ཁྱེར)གསུམ་དང་། ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི། ཨན་ཀང་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་པའོ་ཝུའུ་ལྕགས་དང་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་ཀྲུང་མེ་ནུས་རྒྱུ་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྲུང་དབྱང་གི་ཁེ་ལས་ལྔར་འཆར་ཅན་ལྟ་བཤེར་གནས་ཚུལ་སོ་སོར་ལན་སྤྲད་པ་རེད། དེ་དང་ཆབས་ཅིག་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་། ཧོ་ནན། ཨན་ཧུའེ། ཅང་སུའུ། ཀྲེ་ཅང་སོགས་ཞིང་ཆེན(གྲོང་ཁྱེར)བརྒྱད་དུ་མིས་བཟོས་གཙང་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་བཤེར་གནས་ཚུལ་ཡིག་ཐོག་ནས་ལན་བརྒྱབ་པ་རེད།
ལྟ་བཤེར་ཚོགས་ཆུང་ཁག་གིས་འཆར་ཅན་གྱི་ལྟ་བཤེར་དང་ཆེད་དོན་ལྟ་བཤེར་ལ་སྤྱི་འདོམས་བྱས་ཤིང་། སྤྱིའི་ཆ་ནས་བལྟས་ན། ད་ཐེངས་ལྟ་བཤེར་བྱ་ཡུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་། མིས་བཟོས་གཙང་པོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཧུར་ཐག་བྱེད་པ། ལྗང་མདོག་འཕེལ་རྒྱས་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་བྱས་པས་ལས་དོན་ལ་ཕན་འབྲས་གསར་པ་ཐོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།