ཀྲུང་གོས“རིམ་འདས་གློག་དྲར”བརྟེན་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་རྡབ་རྡེག་ལ་ཁ་གཏད་བཅག་པ།

འདི་ནི་ཧུའུ་པེ་ཞིང་ཆེན་ཆན་ཅང་གྲོང་ཁྱེར་ཞུང་ཁོའུ་དོ་དམ་ཁུལ་དུ་ལས་དོན་པས་གློག་ཤུགས་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།
འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོ་གོ་ལ་ཧྲིལ་པོའི་གློག་དྲའི་མ་འཇོག་མཁན་ཆེ་ཤོས་ཀྱི་གྲས་སུ་གྱུར་ཟིན་ཞིང་། ཉེ་བའི་ལོ་ཤས་རིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་འབོར་ཆེན་བཏང་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དེ་བས་མང་བ་བསྡུ་ལེན་བྱས་ཏེ་ནང་འདྲེན་ལ་བརྟེན་ཚད་ཉུང་དུ་བཏང་ཡོད། འཕེལ་རྒྱས་དེར་རྒྱབ་སྐྱོར་བྱ་ཆེད། གཞུང་ཁོངས་གློག་དྲ་གཉེར་སྐྱོང་ཚོང་པ་ཀྲུང་གོའི་བུན་འཛིན་འགྲེམས་སྤེལ་ཚོང་པ་ཆེ་ཤོས་སུ་གྱུར་ནས་འགྲེམས་སྤེལ་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཀུན་བརྗོད་མཚན་སྙན་རིམ་དཔྱད་ཀྱི་འབྲེལ་ཡོད་མི་སྣས། ཀྲུང་གོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་ཕྱོད་རྒྱལ་ཁབ་མང་པོ་ཞིག་ལས་ཧ་ཅང་མཐོ་བ་ཡོད་པ་དང་གློག་དྲ་འཛུགས་སྐྲུན་ཐད་ལའང་གྲུབ་འབྲས་མི་དམན་པ་ཐོབ་ཡོད། གློག་རིན་འཕར་བ་དེ་འཛམ་གླིང་གི་ས་ཁུལ་གཞན་དག་གི་མི་ཐབས་རིག་ནུས་ཐོན་ལས་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་ཚོད་འཛིན་དུ་འགྱུར་བཞིན་པའི་སྐབས་སུ། ཀྲུང་གོའི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལེགས་ཆ་སྔར་བས་ཆེ་རུ་འགྲོ་སྲིད་པའི་ངོས་འཛིན་བྱས།
བྱེད་ཐབས་དེ་དག་ཚང་མ་ནི་ཀྲུང་གོའི་མ་འཇོག་གློག་དྲའི་འཛུགས་སྐྲུན་འཆར་གཞིའི་ཆ་ཤས་ཤིག་ཡིན། ཉེ་དུས། ཀྲུང་གོའི་རྒྱལ་ཁབ་གློག་དྲས་མ་འཇོག་སྒོར་དུང་ཕྱུར་ཁྲི་4བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ“ལོ་ལྔ་ཚན་བཅུ་བཞི་པ”ལས་40%འཕར་ཡོད། ལྷོ་ཕྱོགས་གློག་དྲ་དང་དེ་བཞིན་ས་གནས་གློག་དྲས་གཏོང་རྒྱུའི་མ་དངུལ་བསྣན་ན“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཀྲུང་གོའི་གློག་དྲར་མ་དངུལ་གཏོང་ཚད་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་5ཟིན་རྒྱུ་རེད། 2024ལོ་ནས་བཟུང་འབྲེལ་ཡོད་འཆར་གཞིས་ཟིན་ཐོ་བརྒལ་བའི་གློག་དྲའི་མ་འཇོག་དང་བུན་གཡར་གྱི་ལས་སྒོ་སྤེལ་བ་དང་། དེར་བརྟེན་ནས་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་གློག་གཏོང་གི་འཇུར་མིག་གནད་དོན་ལ་ཁ་གཏད་བཅག་ཅིང་། འབྲེལ་ཡོད་མ་དངུལ“རིམ་འདས་གློག་དྲ”བསྐྲུན་རྒྱུར་སྤྱད་དེ་བསྐྱར་སྐྱེ་ནུས་རྒྱུ་སྐྱེལ་འདྲེན་ནུས་ལྡན་ཐུབ་པར་འགན་ལེན་བྱེད་པ་རེད། ཚད་གཞི་ངེས་ཅན་ཞིག་གི་ངོས་ནས་བརྗོད་ན། གློག་དྲའི་མ་འཇོག་ལས་ནུས་རྒྱུའི་བདེ་འཇགས་མངོན་པ་ནི་ཀྲུང་གོའི་ཡུན་རིང་གི་དམིགས་ཚད་ཡིན་ཞིང་། ད་ཆ་དེ་ཉིད་ཉེན་ཁ་འགོག་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།
—— ཨ་རིའི《ཧྥུའུ་པུ་སི》དུས་དེབ་དྲ་ཚིགས་ཀྱི་འཕྲིན་སྤེལ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།