ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་ཁྲལ་སྡོམ་བྱས་ནས་ཉིན་བརྒྱའི་རིང་།
ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དུས་མཚུངས་ལས་54%འཕར་བ།

ཉེ་ཆར། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་གླིང་ཕྲན་ཡོངས་ཀྱི་ཁྲལ་སྡོམ་ལས་གཉེར་བྱས་ནས་ཉིན་100སོང་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་2025ལོའི་ཟླ་12ཚེས་18ཉིན་ཁྲལ་སྡོམ་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། ཧའེ་ཁོའུ་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་རྒྱལ་མཚམས་འཛུལ་གྲོལ་མི་སྣ་མི་ཐེངས་ཁྲི་97.5ལྷག་ཙམ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཐེངས་7700ལྷག་ཙམ་བཤེར་གློད་བྱས་པ་དེ་དུས་མཚུངས་ལས་36.8%དང་26.7%སོ་སོར་འཕར་ཡོད། དེའི་ནང་རྒྱལ་མཚམས་ནས་འཛུལ་གྲོལ་བྱེད་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་51.8ཟིན་པ་དུས་མཚུངས་ལས་44.5%འཕར་བ་དེས་རྒྱལ་མཚམས་ནས་འཛུལ་གྲོལ་བྱེད་མཁན་བསྡོམས་འབོར་གྱི་52.9%བཟུང་བ་དང་། ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་22.3ཟིན་པ་དུས་མཚུངས་ལས་54%འཕར་བ་དེས་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་བའི་93.5%བཟུང་ཡོད། འདི་ནི་ཉེ་ཆར་ཧྥེང་ཧོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་རྒྱལ་མཚམས་སུ་འཛུལ་བའི་འགྲུལ་པར་མཐའ་མཚམས་ཞིབ་བཤེར་གྱི་འགྲོ་ལུགས་གཉེར་བཞིན་པ།
འབྲེལ་ཡོད་གསར་འགྱུར།