མཚོ་སྔོན་གྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་ལས་གྲོང་གསེབ་དར་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་ནས་ཤེས་རྟོགས་བྱུང་བར། 2025ལོར། ཞིང་ཆེན་ཡོངས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་བརྟན་ཐོག་ཡར་འཕེལ་བྱུང་ནས། སྲིད་འཛིན་གྲོང་ཚོ་33ལ་ཆ་སྒྲིག་རོགས་སྐྱོར་བྱེད་མཁན་གྱི་དམངས་གཉེར་ཁེ་ལས་33མང་དུ་ཕྱིན་ཞིང་། རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་3.6བཏང་བ་དང་། མི་1063ལས་ཞུགས་ཐུབ་པ། སྤྱི་ཕན་ཞལ་འདེབས་སྒོར་ཁྲི་66.73བརྒྱབ་པ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ནང་ཞུགས་པའི་དམངས་གཉེར་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་གཉེར་དཔལ་འབྱོར་གྱི་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
2021ལོར་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་བ་ནས་ད་བར། ཞིང་ཆེན་ཡོངས་ནས་ཁྱོན་དམངས་གཉེར་ཁེ་ལས་502ཧུར་ཐག་ཞུགས་ཏེ། གྲོང་ཚོའི་མཉམ་སྡེབ་539དང་ཆ་སྒྲིག་་བདེ་བླག་ཐུབ་ནས། གཉེར་སྐྱོང་རིགས་དང་སྤྱི་ཕན་རིགས་ཀྱི་རྣམ་གྲངས་ཁག་592དོན་འཁྱོལ་བྱས་པ་དང་། ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར་36.06བཏང་བ། རིམ་རྩིས་བརྒྱབ་ན་སྤྱི་ཕན་ཞལ་འདེབས་སྒོར་ཁྲི་2526བརྒྱབ་པ། ཐད་ཀར་མི་5819ལས་ཞུགས་ཐུབ་པར་སྐུལ་ཁྲིད་བཅས་བྱས་ནས། དངོས་དངོས་རྗེན་རྗེན་གྱི་རོགས་སྐྱོར་གྲངས་གཞི་ལས་བྱ་སྤྱོད་སྤེལ་བའི་ཕན་འབྲས་དངོས་མངོན་ཡོད།
ལས་ཞུགས་འབབ་འཕར་དང་རྩལ་ནུས་མཐོར་གཏོང་ཕྱོགས་གཉིས་ཀར་སྐུལ་འདེད་བཏང་ཞིང་། ཁེ་ལས་ཀྱི་སྣ་མང་ཅན་དང་རིམ་པ་མང་བའི་ལས་ཞུགས་ལས་གནས་མཁོ་སྤྲོད་བྱས་ཏེ། ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་བཏང་བས། ཞིང་འབྲོག་པ་ཁག་གཅིག་ལ་ཟླ་རེར་ཡོང་འབབ་སྒོར་5000ལྷག་ཙམ་བྱུང་ཡོད། དེ་དང་དུས་མཚུངས། ཁེ་ལས་ཀྱིས་ཆེད་ལས་རྩལ་ནུས་གསོ་སྦྱོང་མ་ལག་ནང་འདྲེན་བྱས་ཤིང་། མཚོ་སྔོན་མཉམ་རོགས་ཁྱིམ་ལས་ཚོགས་པས་ལག་རྩལ་དཀོན་རིགས་ཀྱི་ཤེས་ལྡན་པ་6000ལྷག་ཙམ་གསོ་སྦྱོང་བྱས་ཏེ། མི་ཁྲི་1.6ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། མཚོ་སྔོན་ཧྭ་ཧྥང་བཟོ་རྩལ་གྱིས་ལོ་བཅུ་ཡི་ནང་གོས་ཆེན་སྤྲིན་རིས་མའི་བཟོ་པ་300ལྷག་ཙམ་གསོ་སྐྱོང་བྱས་པ་རེད།
སྤྱི་ཕན་རོགས་སྐྱོར་གྱིས་དམངས་འཚོར་ཕན་པ་བཏགས་ཤིང་། མཚོ་སྔོན་ཐེན་ཆི་ས་ཁང་ལས་གཉེར་གྱིས་སྒོར་ཁྲི་7245ཞལ་འདེབས་བརྒྱབ་ནས་གྲོང་ཚོའི་མི་སྡོད་ཁོར་ཡུག་ལེགས་སུ་བཏང་བ་དང་། མཚོ་སྔོན་ཐེན་ཡིའུ་ཏེ་སློབ་གསོ་ཐེབས་རྩ་ལྷན་ཚོགས་ཀྱིས་སློབ་མ་སྟོང་ལྷག་ཙམ་ལ་རོགས་དངུལ་སྤྲད་པ། “གཟི་བརྗིད་བྱ་གཞག་མཚོ་ནུབ་ཏུ་སྤེལ་བའི”བྱེད་སྒོ་སྤེལ་རིང་དམངས་གཉེར་ཁེ་ལས་ཀྱིས་སྒོར་ཁྲི་1700ལྷག་ཙམ་རི་བའི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་བརྒྱབ་ནས་གཞི་རིམ་སྨན་བཅོས་ལ་རམ་འདེགས་བྱས་ཡོད། རིག་གནས་རོགས་སྐྱོར་གྱིས་གྲོང་གསེབ་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་ཡུལ་མིའི་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།