དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྩལ་ནུས་གསོ་སྦྱོང་དཔེ་སྟོན་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-06

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས་ལྷ་སར་དུས་ཡུན་ཉིན་6གི་དམག་ཞབས་ཐིམ་པའི་དམག་མིའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་རྩལ་ནུས་གསོ་སྦྱོང་དཔེ་སྟོན་འཛིན་གྲྭ་གཉེར་བ་དང་། དམག་ཞབས་ཐིམ་པའི་དམག་མི་73གསོ་སྦྱོང་ལ་ཞུགས་ནས་དྲ་ཐོག་ཚོང་དོན་ལས་གཏོད་ཀྱི་རྩལ་ནུས་གསར་པ་སྦྱངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གསོ་སྦྱོང་བྱེད་རིང་། དམག་ཞབས་ཐིམ་པའི་དམག་མིའི་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་པ་དཀོན་པ་གཉིས་འབྲེལ་མཐུད་གནད་སྨིན་བྱས་ཤིང་། བརྒྱུད་རིམ་ལྡན་པའི་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། དམག་ཞབས་ཐིམ་པའི་དམག་མིར་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་རོགས་བྱས་ནས་ཁོང་ཚོ“ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་གདོང་སྐྱོད་དམག”ནས“གྲངས་འཛིན་ལས་གཏོད་ཀྱི་འཇོན་ཐང་ཅན”ལ་ཡག་པོ་འགྱུར་བར་བྱས་ཡོད། གསོ་སྦྱོང་ལ་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། བཀོལ་སྤྱོད་ནང་སྦྱོང་། དཔེ་མཚོན་དབྱེ་ཞིབ་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་པ་དང་། སློབ་ཚན་གྱི་ནང་དོན་ལ་བསམ་བློར་འགྱུར་ལྡོག་གཏོང་བ་དང་ལས་རིགས་ངོས་འཛིན་དང་། བཞུར་ཚད་ཐོབ་ཐབས་ཀྱི་དངོས་སྦྱོང་ཐབས་རྩལ། ཐོ་ཁོངས་ཨང་གྲངས་བཟོ་ཐབས་དང་གཉེར་སྐྱོང་། ས་མཐོའི་ཁྱད་ལྡན་ཐོན་རྫས་འདེམས་པ་དང་ཁྱབ་གདལ་སོགས་ཚུད་ཡོད་པས། དམག་ཞབས་ཐིམ་པའི་དམག་མིའི་གྲངས་འཛིན་བྱང་ཚད་དང་། དྲ་ཐོག་ཚོང་དོན་གཉེར་སྐྱོང་གི་དངོས་འཐབ་ནུས་པ། ལས་གཏོད་ཀྱི་ཕྱོགས་བསྡུས་འཇོན་ཐང་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། དྲ་རྒྱའི་བཞུར་ཚད་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་དེ་ཉིད་ཐོན་ལས་ཀྱི་ལེགས་ཆར་འགྱུར་བར་སྐུལ་འདེད་བཏང་སྟེ། དམག་ཞབས་ཐིམ་པའི་དམག་མིར“ཐད་གཏོང་ཁང་དུ་ལས་གཏོད་ཕྱུག་འགྱུར”གྱི་ཐབས་ལམ་གསར་པ་གཏོད་རྒྱུ་རེད།

    གསོ་སྦྱོང་ལ་ཞུགས་མཁན་སློབ་མས། ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་གཏིང་ཟབ་ལ་དོན་དངོས་དང་མཐུན་པས། དྲ་ཐོག་ཚོང་དོན་རྩལ་ནུས་ཀྱི་ཞན་ཆ་ནུས་ལྡན་བསལ་ནས། སླད་ཕྱིན་དྲ་ཐོག་ཚོང་དོན་ཐད་གཏོང་དང་ལས་ཞུགས་ལས་གཏོད་བྱེད་པར་ཁ་ཕྱོགས་གསར་པ་མཁོ་འདོན་བྱས་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    བོད་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་བོད་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་འདེགས་སྐྱོར་བྱ་ཐབས་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ད་ཐེངས་ཀྱི་དྲ་ཐོག་ཚོང་དོན་གསོ་སྦྱོང་གི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་གཞི་རིམ་འཕེལ་རྒྱས་ལ་ཧུར་ཐག་ཞུགས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་དམག་ཞབས་ཐིམ་པའི་དམག་མིའི་སྟོབས་ཤུགས་སྐྱེས་སུ་འབུལ་བར་ཁྲིད་སྟོན་ཧུར་ཐག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།