སྤུས་རྟགས་ཀྱིས་ཁྲིད་སྟོན་བྱས་པས་བཀྲག་མདངས་འཚེར་ས་མང་བ།
2025ལོར་རང་ལྗོངས་ཀྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་བརྟན་པོ་ཕྱིན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་ལྗོངས་ཀྱི་ལུས་རྩལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སྤུས་རྟགས་འགྲན་བསྡུར་གྱི་ཁྲིད་སྟོན་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། གྲོང་ཁྱེར(ས་ཁུལ)ཁག་གི་ལུས་རྩལ་ཐོན་ལས་ལ་བཀྲག་མདངས་འཚེར་ས་མང་པོ་ཐོན་ཡོད་པ་རེད།
2025ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པ་དང་། ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་ཉེར་གཉིས་པ། 2025ལོའི་ཀྲུང་གོའི་ལུས་སྦྱོང་སྐོར་བྲོའི་འགྲན་བསྡུར་ཆེ་མོ། གནམ་ལྕགས་འབར་བའི་ས་མཐོའི་ལུས་རྩལ་ཚོགས་ཆེན་སོགས་སྤུས་རྟགས་འགྲན་བསྡུར་བྱེད་སྒོ་བདེ་བླག་ངང་སྤེལ་ཞིང་། “ཧི་མ་ལ་ཡ་སྐོར་བའི་འགྲན་བསྡུར་མ་ལག”བཏོད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་དང་། “ཉང་ཆུ་བུམ་པའི”རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར། བྲག་གསུམ་མཚོ་རི་མ་ཐང་གི་བྱེས་བགྲོད་འགྲན་བསྡུར་སྐབས་དང་པོ། ལྷ་སའི་དགུན་དུས་ཀྱི་ས་མཐོའི་སི་ནོ་ཁེའི་འགྲན་སློང་འགྲན་བསྡུར་སོགས་ཁྱད་ལྡན་འགྲན་བསྡུར་བྱེད་སྒོ་སྤེལ་བ་ལས་ས་གནས་དེ་གའི་འཛད་སྤྱོད་ཁྲོམ་རར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར། ལྗོངས་ཡོངས་སུ་ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་15.4ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་59.07ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་21.02%འཕར་ཡོད་པ་རེད། ལུས་རྩལ་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་འགྲན་ར་འཛུགས་སྐྲུན་དང་། འགྲན་བསྡུར་ལ་རོགས་སྐྱོར། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་མ་དངུལ་རྒྱུན་མཐུད་བཏང་ནས་ལུས་རྩལ་ཐོན་ལས་འཕེལ་རྒྱས་འགྲོ་བར་མ་དངུལ་གྱི་འགན་ལེན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།