དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་གི་ལྕགས་ལམ་གྱི་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-06

    གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཡུན་ཉིན་5ཡི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་གི་ལྕགས་ལམ་གྱི་སྐྱེལ་འདྲེན་བྱེད་འགོ་ཚུགས་ཤིང་། ཟླ་4ཚེས་3ཉིན་ནས་ཟླ་4ཚེས་7ཉིན་བར་མཚོ་བོད་ཚོགས་པ་ཀུང་སིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་27སྐྱེལ་རྒྱུ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་5.4ཟིན་ནས་ཟླ་4ཚེས་4ཉིན་འགྲུལ་པ་དབོར་མང་ཤོས་སུ་སླེབས་རྒྱུ་མ་ཟད། སྔོན་དཔག་ལྟར་ན་འགྲུལ་པ་མི་ཐེངས་ཁྲི་7.65དབོར་རྒྱུ་ཡིན་པ་རེད།

    དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། འགྲུལ་པའི་ཕྱིར་སྐྱོད་དགོས་མཁོ་སྐོང་ཆེད་མཚོ་བོད་ཚོགས་པ་ཀུང་སིས“ཉིན་རེར་འཆར་འགོད་རེ”ཡི་སྐྱེལ་འདྲེན་ནུས་པ་བཀོད་སྒྲིག་གི་ཇུས་གཞི་ལག་བསྟར་བྱས་ཏེ། མེ་འཁོར་མང་དུ་གཏོང་བ་དང་མཉམ་འབྲེལ་འཁོར་སྐྱོད་སོགས་ཀྱི་བྱ་ཐབས་བརྒྱུད་གཙོ་གནད་ལམ་ཐིག་གི་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་བའི་ནང་ཟླ་4ཚེས་3ཉིན་དང་ཚེས་7ཉིན་ལྷ་ས་ནས་གཞིས་རྩེ་བར་ཤུགས་འགྲེམས་མེ་འཁོར་ཐེངས་C4395/6དང་ཐེངས་C4393/4སོ་སོར་མང་དུ་གཏོང་རྒྱུ་དང་། ཟླ་4ཚེས་6ཉིན་ལྷ་ས་ནས་ཉིང་ཁྲི་བར་གྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངས་K6833/4མང་དུ་བཏང་སྟེ་གུང་གསེང་རིང་འགྲུལ་པའི་ཕྱིར་སྐྱོད་ལ་འགན་ལེན་ཧུར་ཐག་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།