བརྒྱུད་རིམ་ལྡན་པའི་ལམ་ལུགས་འཛུགས་པ་དང་ཞིབ་ཚགས་ཅན་གྱི་དོ་དམ་ནས“མཉམ་འདྲེས་རྣམ་པ”གཏོད་པའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་དངོས་སྒྲུབ་གསར་གཏོད་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པ།
དོ་དམ་དང་བཅོས་སྐྱོང་ཞིབ་ཚགས་བྱས་ནས་གྲོང་ཁྱེར་གྱི་མཛེས་སྡུག་ལྡན་པའི་རྣམ་པ་བཏོད་པ།
མཚན་དགུང་ལ་ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཚོགས་ཁང་དུ་སྔར་བཞིན་གློག་འོད་ཁྲ་ཐིང་ངེར་ཡོད། རྣམ་གྲངས་འཆར་འགོད་ཚོགས་ཆུང་གི་ཁོངས་མི་ཚོས་གྲོང་ཁྱེར་གྱི་རྣམ་པ་གསར་སྒྱུར་རྣམ་གྲངས་ཀྱི་དཔེ་རིས་ཤིག་ལ་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད།
ཅུས་དེའི་རྣམ་གྲངས་འཆར་འགོད་ཚོགས་ཆུང་གི་འགན་འཁུར་བ་མའེ་ཡུན་ལེང་གིས“ཟླ་ཕྱེད་རེར་འཆར་འགོད་ཐེངས་རེ་བྱེད་པ་ནི་རྒྱུན་མི་ཆད་པའི་རྣམ་གྲངས་ཡག་པོར་བརྟེན་ནས་གྲོང་ཁྱེར་འཕེལ་རྒྱས་ལ་གཏིང་ཤུགས་སྣོན་ཆེད་དེ་རེད”ཅེས་བཤད། དེ་ནི་2025ལོར་ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས“རྣམ་གྲངས་ཇུས་འགོད་ལམ་ལུགས”ཁྱབ་གདལ་བཏང་བའི་རྒྱུན་གཏན་གྱི་རྣམ་པ་ཞིག་ཡིན་ལ། དེས་བརྒྱུད་རིམ་རང་བཞིན་གྱི་སྒྱུར་བཅོས་བསམ་གཞིག་ལ་བརྟེན་ནས་སྡོད་ཁང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཀྱང་ཡིན།
སྔོན་ཆད་སྲིད་གཞུང་གི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་དོ་དམ་ཁྲོད“ལུས་རྩལ་པ་བྱེད་ལ་ཤན་འབྱེད་པའང་བྱེད་པའི”དཀའ་གནད་འཕྲད་ཀྱི་ཡོད་པ་དེས་ཚད་གཞི་ངེས་ཅན་གྱི་ཐོག་ནས་རྣམ་གྲངས་ཀྱི་ཕན་ནུས་དང་སྤྱོད་གཙང་གི་ཉེན་ཁ་འགོག་ཟོན་ལ་ཚོད་འཛིན་བཟོ་གི་ཡོད།
2025ལོར། ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གྲི་དངོ་ནང་གཏད་ངང“རྣམ་གྲངས་ཚབ་སྐྲུན་ལམ་ལུགས”ཁྱབ་གདལ་ཤུགས་ཆེན་བཏང་བ་དང་ལེ་ལག་ཚང་བའི་ཞིབ་སྲོལ་རབ་དང་རིམ་པ་བཏོན་ནས། ཅུས་ཀྱིས་རྣམ་གྲངས་ལ་དོ་དམ་བྱེད་པ་དེ་རྩ་དོན་ཐོག་ཆེད་ལས་ཀྱི་ཕྱོགས་གསུམ་པར་ཚབ་སྐྲུན་བྱ་རྒྱུར་མངགས་བཅོལ་བྱས་ཏེ་གཙོ་གཉེར་སྡེ་ཚན་གྱིས་འོས་སྐུལ་འོས་དཔོད་སོགས་ཞིབ་ཕྲའི་ལས་དོན་ལ་ཐད་ཀར་ཐེ་ཇུས་བྱ་རྒྱུ་རྦད་དེ་གཏན་འགོག་བྱས་ཡོད།“དོ་དམ་གྱི་གྲོན་དངུལ་དང་བྱ་དགའི་དངུལ་ཟུང་དུ་འབྲེལ་བའི”བྱས་འབྲས་བརྩི་སྟངས་གསར་པ་དེས་ཚབ་སྐྲུན་ཚན་པའི་ཧུར་སེམས་སྐུལ་སློང་ཐུབ་སྟེ། རྣམ་གྲངས་དོ་དམ་དེ་ཉིད་ཚད་ལྡན་དང་། མ་འཇོག སྤུས་ཚད། ལས་ཕྱོད། སྲིད་གཙང་བཅས་ཕྱོགས་ལྔ་ནས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
དེ་བས་འགྲན་སློང་ཆེ་བ་ཞིག་ནི་ཡུས་ལུང་མགྲོན་ཁང་གི་སྨི་ངོས་གྲུ་4500ལྷག་ཙམ་ཡོད་པའི་ཁྲིམས་འགལ་གྱི་སྐྲུན་དངོས་དེ་ཡིན་ཞིང་། “དཀའ་གནད”དེ་སེལ་ཆེད། ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་སྣེ་ཁྲིད་དེ་ཏང་ཡོན་རྐང་འཛིན་གྱི་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་དང“མི་སྣ་དང་ལག་རྩལ་ཟུང་དུ་འབྲེལ་བའི”བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་མ་ལག་གསར་གཏོད་བྱས་ནས། ཉིན་མཚན་བལྟོས་མེད་ངང་འབད་འཐབ་ཉིན་44བྱས་མཐར། ཁང་པ་དེ་ཉིད་བདེ་འཇགས་ངང་བཤིག་སྟེ་རང་སྐྲུན་སྡོད་ཁང་གི་མངོན་མེད་རྐྱེན་ངན་བཅོས་སྒྲིག་100%ཐུབ་ཡོད་པ་རེད།
དེའི་རྒྱབ་ལྗོངས་ནི“བདེ་འཇགས་ཐོན་སྐྱེད་ལམ་ལུགས”དང“ལྟ་འདོམས་ནན་པོའི་ལམ་ལུགས”དོན་འཁྱོལ་ནན་པོ་བྱས་པ་དེ་ཡིན། 2025ལོར་ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ལོ་ཧྲིལ་པོར་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་176ཞིབ་བཤེར་ཐག་གཅོད་བྱས་པ་དང་། སྲིད་འཛིན་གྱི་ཆད་པ་སྒོར་ཁྲི་527.28བཅད་པ། ཁེ་ལས་332ཀྱི་ཡིད་རྟོན་སྐར་གྲངས་12848འཐེན་པ། ཁེ་ལས་258ཀྱི་ཡིད་རྟོན་Dརིམ་པར་ཕབ་པ་དང་འབྲེལ། འོས་སྐུལ་འོས་དཔོད་བྱ་རྒྱུར་ཚོད་འཛིན་བྱས་པས། ཁྲོམ་རའི་ཁོར་ཡུག་གཙང་སེལ་ནུས་ལྡན་ཐུབ་པ་དང་ཁེ་ལས་ཀྱི་ཁྲིམས་སྲུང་འདུ་ཤེས་དང་སྤུས་ཚད་བདེ་འཇགས་ཀྱི་རང་རྟོགས་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། “ཐར་པར་གཏན་ནས་མི་གཏོང་བར”བརྟེན་ནས་ལས་རིགས་ཀྱི“སྲོག་རྩ”སྲུང་སྐྱོང་བྱས་པས། ལོ་ཧྲིལ་པོར་བདེ་འཇགས་ཐོན་སྐྱེད་ཐད“ལས་འཛོལ་གཏན་ནས་མི་ཐོན་པ་དང་ལས་འཛོལ་ཐོན་ཚད་དང་ལས་མི་ཤི་ཚད་གཉིས་ཀ་ཆག་ཐུབ་པ”བྱུང་བ་རེད།
སྡོད་ཁང་འགན་སྲུང་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གསར་སྐྲུན་དང་གཞན་སྒྱུར་ཕྱོགས་གཉིས་ནས་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ནས། 2025ལོར་བོགས་གཏོང་གཞུང་ཁང་1400ལྷག་ཙམ་བསྐྲུན་པ་དང་སྡོད་ཁང་900ལྷག་ཙམ་གསར་དུ་སྐྲུན་འགོ་ཚུགས་པ་མ་ཟད། ལྗོངས་ཡོངས་སུ“གསོག་འབོར་ཚོང་སྒྱུར་ཁང་པ་འགན་ལེན་རང་བཞིན་གྱི་སྡོད་ཁང་དུ་སྒྱུར་བའི”རྣམ་པ་གསར་པ་སྔོན་ལ་འཚོལ་ཞིབ་བྱས་ཡོད། མིག་སྔར་ཁག་དང་པོའི་གསོག་འབོར་ཁང་པ་50ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་པ་དང་འབྲེལ། སྒུག་སྡོད་མཛོད་ཁང་མགྱོགས་མྱུར་བསྐྲུན་ནས་འགན་ལེན་མ་ལག་དེ་བས་གནད་སྨིན་སྣ་མང་ཡོང་བར་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་ས་བབ་སྨི་4000ལྷག་ཙམ་ཡོད་པའི་ཤང་དང་གྲོང་རྡལ་དུ་ལས་བྱེད་ལས་བཟོར་གསོ་རླུང་མཁོ་འདོན་བྱེད་པའི་ཕུགས་འདུན་དེ་རིམ་བཞིན་མངོན་འགྱུར་བྱུང་བཞིན་ཡོད། ས་བབ་མཐོ་བའི་ཤང་དང་གྲོང་རྡལ་16ལ་གསོ་རླུང་མཁོ་འདོན་ཐུབ་སྟེ་གསར་གཏོད་རྣམ་པར་བརྟེན་ནས་བསྐྲུན་པའི་ལས་བྱེད་ལས་བཟོའི་གསོ་རླུང་མཁོ་འདོན་ལས་གྲྭའི་མྱུར་ཚད་97%ཟིན་གྱི་ཡོད། དེ་དང་ཆབས་ཅིག ཤང་དང་གྲོང་རྡལ་34ལ་དྲོད་རླངས་མཁོ་འདོན་སྒྲིག་ཆས་བསྒར་བས་དགུན་དུས་གྲང་ངར་ཆེན་པོ་དེ་ཙམ་མེད་པ་སོགས་དངོས་སྒྲུབ་ཀྱི་བྱེད་ཐབས་དེ་དག་གིས་དཀའ་གནད་སེལ་ཡོད་ལ། མི་སེམས་ལའང་དྲོ་སྐྱིད་སྦྱིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་སོང་བ། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་གྲོང་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་བསིང་བྱེད་ཚད་81.5%ཟིན་པ་དང་། འཚོ་བའི་གད་སྙིགས་གནོད་མེད་བསྐྱར་སྤྱོད་བྱེད་ཚད་99.85%ཟིན་པ། ཨར་སྐྲུན་གད་སྙིགས་གནོད་མེད་བསྐྱར་སྤྱོད་བྱེད་ཚད་ཆེ་རུ་ཤུགས་ཆེན་ཕྱིན་པ་བཅས་རེད། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་སུ་ད་དུང་ལས་མི་སྤྱོད་པའི་བསྡུར་ཚད་ཀྱི་བླང་བྱ་དོན་འཁྱོལ་བྱས་པ་བརྒྱུད། ཞིང་འབྲོག་པ་ཁྲི་1.39ལས་ཞུགས་གཞན་སྒྱུར་བྱ་རྒྱུར་སྐུལ་ཁྲིད་ཐུབ་ནས་འབབ་འཕར་སྒོར་དུང་ཕྱུར་2.56བྱུང་སྟེ། དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད།
ཕན་ནུས་ཆེ་རུ་གཏོང་རྒྱུ་དེ་ལག་བསྟར་ལ་ཐུག་ཡོད། ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས“དུས་བཀག་སྒྲུབ་གཉེར་ལམ་ལུགས”བཟོས་ནས། ཚོགས་འདུའི་ཐོག་ཐབས་ཇུས་འགོད་པ་དང་། འགོ་ཁྲིད་ཀྱིས་སྒྲུབ་རྒྱུར་རྩིས་སྤྲོད་པ། དག་ཐེར་ལྟ་སྐུལ་སྒྲུབ་གཉེར་སོགས་དོན་ཚན་རིགས་བཞིར་དུས་བཀག་ཁ་གསལ་བཟོས་ཏེ། “གཟའ་འཁོར་རེར་གསལ་ཐོ་རེ་དང་། གཟའ་འཁོར་རེར་བཀོད་གཏོང་རེ། གཟའ་འཁོར་རེར་བརྡ་ཁྱབ་རེ”བཅས་ལག་བསྟར་བྱས་པས། ལས་ཁུངས་ཀྱི་འཁོར་རྒྱུག་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
མ་ལག་རང་བཞིན་གྱི་ལམ་ལུགས་མང་པོ་བཟོས་ཏེ་འཕེལ་རྒྱས་ཀྱི་འཆིང་རྒྱ་ལས་སྒྲོལ་བ་ནས་ཞིབ་ཚགས་ཅན་གྱི“ཕར་ཆིན”བརྒྱབ་སྟེ་གྲོང་ཁྱེར་མཛེས་སུ་གཏོང་བའི་བར་དང་། མང་ཚོགས་ཀྱི“བདེ་སྡོད་ཕུགས་འདུན”ནུས་ཤུགས་ཡོད་རྒུས་དོན་གཉེར་བྱེད་པ་ནས་གྲོང་ཁྱེར་གྲོང་གསེབ་སྤྱི་འདོམས་ཀྱིས“མཉམ་འདྲེས་རྣམ་པ”གཏོད་པའི་བར། 2025ལོར་ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་དངོས་སྒྲུབ་གསར་གཏོད་ཀྱི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐར་གྲངས་མཐོ་བའི་རྒྱུགས་ལན་ཞིག་ཕུལ་ཡོད། རྒྱང་ལམ་གསར་པར་དཔུང་ཁག་དེས་སྒྱུར་བཅོས་ཀྱི་བློ་སྟོབས་དང་། གསར་གཏོད་ཀྱི་བློ་གྲོས། དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བཅས་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ལྷོ་ཁའི་འབྱུང་འགྱུར་ཧུར་ཐག་གཏོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།