དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲུབ་འབྲས་ཁག་30ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-06

    ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། 《བོད་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཞིབ་འཇུག་སྙན་ཞུ་རབ་དང་རིམ་པ》སོགས་གྲུབ་འབྲས་ཁག་30ལ་བྱ་དགའ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ་7པར་བྱ་དགའ་དཔྱད་འདེམས་གཞུང་ལས་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་སྐབས་གཉིས་པའི་དཔྱད་འདེམས་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཐོག་མའི་དཔྱད་འདེམས་དང་། བསྐྱར་འདེམས། མཐའ་མཇུག་གི་དཔྱད་འདེམས། ཡོངས་བསྒྲགས་སོགས་ཀྱི་ལས་དོན་བསྒྲུབས་རྗེས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཞིབ་འཇུག་སྙན་ཞུ་རབ་དང་རིམ་པ》སོགས་གྲུབ་འབྲས་ཁག་3ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་སྐབས་གཉིས་པའི་བྱ་དགའ་ཨང་དང་པོ་དང་། 《འགོས་ཀྱི་ཁྱིམ་རྒྱུད་ཞིབ་འཇུག་གབ་པ་མངོན་ཕྱུང》སོགས་གྲུབ་འབྲས་ཁག་10ལ་བྱ་དགའ་ཨང་གཉིས་པ།《ཆིང་རྒྱལ་རབས་དུས་མཇུག་གི་ཀྲང་དབྱིན་ཐང་གི་བོད་དོན་སྒྱུར་བཅོས་ཞིབ་འཇུག》སོགས་གྲུབ་འབྲས་ཁག་17ལ་བྱ་དགའ་ཨང་གསུམ་པ་བཅས་སྤྲད་ཡོད། བསྐྱར་དཔྱད་བྱས་རྗེས། དཔྱད་ཞིབ་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གིས་བསྐྱར་དཔྱད་བྱས་འབྲས་ལ་མཉམ་དུ་གྲོས་ཞིབ་བྱས་པ་དང་། དམིགས་བསལ་བྱ་དགའི་ཐོབ་ཐང་ལ་མཉམ་དུ་ཞིབ་འཇུག་བརྡར་གཅོད་བྱས་ཤིང་། བསྐྱར་དཔྱད་བྱས་འབྲས་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་མོས་མཐུན་བྱུང་སྟེ། སྐབས་འདིའི་མིང་འདོན་མི་བྱེད་པའི་དམིགས་བསལ་བྱ་དགའ་གཏན་འཁེལ་བྱས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ནི་ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཡིན་པ་དང་བྱ་དགའི་དཔྱད་བསྡུར་གྱི་ལས་དོན་དེ་ལོ་གཉིས་རེར་ཐེངས་རེ་སྤེལ་གྱི་ཡོད་པ་དང་དམིགས་བསལ་བྱ་དགའ་དང་། བྱ་དགའ་ཨང་དང་པོ། བྱ་དགའ་ཨང་གཉིས་པ། བྱ་དགའ་ཨང་གསུམ་པ་བཅས་སོ་སོར་བཀོད་སྒྲིག་བྱས་ཤིང་། དེའི་ནང་དམིགས་བསལ་བྱ་དགའ་ནི་དཔྱད་ཞིབ་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གིས་མིང་འདོན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།