2026ལོའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་རིམ་སྤེལ་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།
མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་ལག་ལེན་བསྟར་ཚུན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ལས་དོན་སྤེལ་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། ཁྲིམས་འགལ་དང་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་པའི་བྱེད་སྤྱོད་སྣ་ཚོགས་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་མཁན་ལ་སྒྲིག་མཐུན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་ལྟ་སྐུལ་མཛུབ་ཁྲིད་བྱས་པར་ཕན་འབྲས་ཡག་པོ་ཐོན་ཡོད། 2026ལོར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་APPསོགས་ཞབས་ཞུའི་ཐོན་རྫས་དང་དེ་བཞིན་དྲ་སྦྲེལ་བརྡ་ཁྱབ་དང་། སློབ་གསོ། འགྲིམ་འགྲུལ། འཕྲོད་བསྟེན་བདེ་ཐང་། དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱིས་ཁྲིམས་འགལ་དང་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་དཔེ་མཚོན་གནད་དོན་ལ་སྔར་བས་བཅོས་སྒྲིག་བྱས་ནས། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་སྣང་དང་ཐོབ་སྣང་ཆེ་རུ་བཏང་ཡོད།
འབྲེལ་ཡོད་སྡེ་ཚན་གྱིས་གཤམ་གསལ་གྱི་གཙོ་གནད་གནད་དོན་ལ་དམིགས་ནས་རིམ་སྤེལ་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་སྟེ། APPསོགས་ཀྱིས་ཁྲིམས་འགལ་དང་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནད་དོན་དང་། དྲ་སྦྲེལ་བརྡ་ཁྱབ་ཁྱབ་ཁོངས་ཀྱིས་ཁྲིམས་འགལ་དང་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནད་དོན། སློབ་གསོའི་ཁྱབ་ཁོངས་ཀྱིས་ཁྲིམས་འགལ་དང་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནད་དོན། འགྲིམ་འགྲུལ་ཁྱབ་ཁོངས་ཀྱིས་ཁྲིམས་འགལ་དང་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནད་དོན། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱིས་ཁྲིམས་འགལ་དང་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དང་། དངུལ་རྩའི་ཁྱབ་ཁོངས་ཀྱིས་མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒྲིག་འགལ་ངང་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ། མི་སྒེར་གྱི་ཆ་འཕྲིན་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞིར་ཆེད་དོན་རྡུང་རྡེག་གཏོང་རྒྱུ་དང་བཅོས་སྒྲིག་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།