རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་འཛུགས་སྐྱོང་དང་གོམས་སྲོལ་སྒྱུར་བའི་ས་གནས་ས་ཐོག་གི་ཚོགས་འདུ་ཀོང་ཤིས་སུ་འཚོགས་པ།
“གསོལ་སྟོན་གཤོམ་དུས་རྒྱས་སྤྲོས་བྱེད་སྟངས་བསྡུར་མི་རུང”ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་ལིང་ཁྲོན་རྫོང་ཐན་ཞ་གྲོང་རྡལ་ཧྲན་ཁོའུ་གྲོང་ཚོར་པི་ཝང་རྒྱུད་གཉིས་མ་དང་འཁར་རྔའི་སྒྲ་གྲགས་པ་དང་མང་ཚོགས་ཀྱི་འཁྲབ་སྟོན་པ་ཚོས་ཡུལ་མིའི་ཉེ་འགྲམ་གྱི་བྱ་བ་རྣམས་གླུ་རུ་བླངས་ཏེ་བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གྱི་བྱ་བ་སྒྲུབ་ལུགས་སྟབས་བདེའི་ངང་བརྗོད་ཡོད།
ཉེ་ཆར། ཞིང་ལས་གྲོང་གསེབ་པུས་ལིན་ཁྲོན་རྫོང་དུ་རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་འཛུགས་སྐྱོང་དང་གོམས་སྲོལ་སྒྱུར་བའི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས། ས་གནས་ཁག་གི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་སྤེལ་རེས་བྱས་པ་མ་ཟད། གྲོང་གསེབ་ཀྱི་རིག་གནས་དང་གོམས་སྲོལ་སྒྱུར་བའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད། ཚོགས་འདུའི་ཐོག་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཞིང་ལས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་ནས། མང་ཚོགས་རང་བཞིན་གྱི་གྲོང་གསེབ་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་རིག་གནས་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། རིག་རྩལ་གྱིས་གྲོང་གསེབ་ལ་དེ་བས་མཛེས་རྒྱན་སྤྲོས་པའི་བྱེད་སྒོ་སྤེལ་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། མང་ཚོགས་རང་བཞིན་གྱི་གྲོང་གསེབ་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་སྐབས་ཞིང་པ་གཙོ་བོར་བྱེད་པ་དང་སྤྱི་ཕན་གྱི་ངོ་བོ་མཐའ་འཁྱོངས་བྱས་ནས་ཡུལ་བབ་དང་བསྟུན་པ་དང་གྲོན་ཆུང་དངོས་སྒྲུབ་བྱེད་དགོས། གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བའི་ལས་དོན་སྤེལ་སྐབས་ས་གནས་ཀྱི་གོམས་སྲོལ་དང་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱས་ནས། སེལ་འགོག་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་རྒྱས་སྤྲོས་རྒྱས་གཤོམ་སོགས་མངོན་གསལ་དོད་པའི་གནད་དོན་བཅོས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ནུས་ལྡན་བཅོས་སྐྱོང་གི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།