མཚོ་སྔོན་ལོ་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་དུས་བདེ་འཛུགས་སྐྲུན་དཔྱད་འདེམས་ཀྱི་ཕུལ་བྱུང་ཞིང་ཆེན་ལ་བདམས་པ།
ཟླ་3ཚེས་24ཉིན་གསར་འགོད་པར་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་2025ལོའི་ལོ་འཁོར་གྱི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔྱད་ཞིབ་འབྲས་བུ་བརྡ་ཁྱབ་བཏང་ཞིང་། མཚོ་སྔོན་ལ་སླར་ཡང“ཕུལ་བྱུང”རིམ་པ་ཐོབ་ནས་ལོ་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་དུས་བདེ་འཛུགས་སྐྲུན་གྱི་ཕུལ་བྱུང་རིམ་པའི་གྲས་སུ་ཚུད་ཡོད། དེ་དང་ཆབས་ཅིག ཞིང་ཆེན་དེ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་2012ལོ་ཚུན་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ནས་དུས་བདེ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་པའི་རྨང་གཞི་བརྟན་པོ་ཞིག་ཏུ་གྱུར་ཡོད།
2025ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གོ་རིམ་ལྡན་པའི་བཅོས་སྒྲིག་དང་འབེན་གཏད་འགག་སྒྲོལ་མཐའ་འཁྱོངས་བྱས་ཏེ་རྨང་གཞིའི་ལས་དོན་དང་། གཞི་རྩའི་ནུས་པ། གཞི་རྩའི་འགན་ལེན་གྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་བར་བརྟེན་ཉེན་ཁ་ཆེན་པོ་ཁག་གཅིག་ནུས་ལྡན་ངང་འགོག་སེལ་ཐུབ་པ་དང་། རྨང་གཞིའི་འཛུགས་སྐྲུན་གྱི་ཆད་སྐྱོན་དང་ཞན་ཆ་ནུས་ལྡན་བསལ་ཐུབ་ནས་མཚོ་སྔོན་གྱི་དབྱེ་འབྱེད་ནུས་པ་ལྡན་པའི་ལག་ལེན་དང་ཉམས་མྱོང་གི་གྲུབ་འབྲས་ཁག་གཅིག་གྲུབ་པ་མ་ཟད། དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བརྒྱུད་རིམ་རང་བཞིན་གྱི་མཐོར་གཏོང་དང་སྤྱི་ཡོངས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། ལོ་ཧྲིལ་པོར་ཉེས་དོན་དང་བདེ་འཇགས་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་9.85%དང་17.97%སོ་སོར་ཆག་པ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་ཚད་དང་གྱོད་འབྲེལ་དངུལ་འབོར་ལོ་བཞི་བསྟུད་མར་ཆག་པ། མི་གསོད་ཀྱི་གྱོད་གཞི་རྩད་ཆོད་ཚད་ལོ་དྲུག་བསྟུད་མར་100%རྒྱུན་འཁྱོངས་ཐུབ་པ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བདེ་འཇགས་བརྟན་ལྷིང་བཅས་བྱུང་ནས་གྱོད་གཞི་ཚབས་ཆེན་ཐོན་མེད་པ་རེད།
འབྲེལ་ཡོད་གསར་འགྱུར།