དབུ་ཤོག>གསར་འགྱུར།>འགོ་བརྗོད་པར་རིས།
  • དུག་རྫས་སྔོན་འགོག་སློབ་གསོ་སྤེལ། ལོ་ཆུང་གཞོན་ནུའི་བདེ་ཐང་བསྲུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-05

    སློབ་མ་ཚོའི་དུག་རྫས་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། མི་དམངས་ཉེན་རྟོག་པས་དུག་རྫས་གསར་པའི་འབྲེལ་ཡོད་ཤེས་བྱར་འགྲེལ་བཤད་རྒྱག་བཞིན་པ།

    སློབ་མ་ཚོས་དུག་རྫས་ཀྱི་གནོད་འཚེའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་ནང་དོན་ལ་ནན་ཏན་ལྟ་བཞིན་པ།

    སློབ་མ་ཚོས་རྒྱུན་གཏན་གྱི་སིལ་ཟས་ལ་བརྫུས་པའི་དུག་རྫས་ཀྱི་ཐུམ་སྒྲིལ་གསར་པ་དབྱེ་བ་ཇི་ལྟར་འབྱེད་དགོས་མིན་ལ་སྤེལ་རེས་དང་གྲོས་བསྡུར་བྱེད་བཞིན་པ།

    སློབ་མ་ཚོས་VRཉམས་ལེན་བརྒྱུད་དུག་རྫས་ཀྱིས་ཁྱིམ་ཚང་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་གནས་ཚུལ་ལ་ཐད་ཀར་རྒྱུས་ལོན་བྱེད་བཞིན་པ།

    གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་གི་སློབ་གསོ་གཏིང་ཟབ་སྤེལ་ནས་སློབ་མའི་དུག་རྫས་ཤེས་རྟོགས་དང་། དུག་རྫས་སྔོན་འགོག དུག་རྫས་རིང་དུ་སྤོང་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གིས་སློབ་མའི་འཐུས་མི་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་དུ་ཁྲིད་དེ་ལྟ་སྐོར་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་གཞོན་ནུ་ལོ་ཆུང་གི་དུག་འགོག་འདུ་ཤེས་དང་རང་ངོས་སྲུང་སྐྱོང་ནུས་པ་ཆེ་རུ་ངེས་ཅན་ཕྱིན་ཡོད་པ་རེད། གོམ་སྟབས་རྗེས་མར་རྫོང་དེའི་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་གྱིས་སློབ་གྲྭ་དང་ཉེན་རྟོག་པའི་སྤེལ་རེས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱུན་རྣམ་ཅན་གྱི་དུག་འགོག་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།