ནག་ཆུ་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་1.1ལེགས་སྒྲུབ་བྱས་པ།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན། ནག་ཆུ་གྲོང་ཁྱེར་གྱིས་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་རིམ་པ་བཞིན་བཅོས་སྐྱོང་བྱ་རྒྱུར་སྤྱི་འདོམས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་སླར་གསོ་བྱ་རྒྱུར་ཚན་རིག་དང་མཐུན་པའི་སྐུལ་འདེད་བཏང་བས། སྐྱེ་ཁམས་ཀྱི་རྨང་གཞི་རྒྱུན་མཐུད་ལེགས་སུ་ཕྱིན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
2021ལོ་ནས་ད་བར། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་2410.16བཏང་ནས་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་1.1079དང་ནགས་ཚལ་མུའུ་ཁྲི་5ལྷག་ཙམ་གསོ་སྐྱོང་བྱས་ཡོད། གྲོང་གསེབ་ཀྱི“འགྲམ་བཞིའི”ཤིང་འཛུགས་དང་འོས་འགན་ཤིང་འཛུགས་བྱས་ནས་སྡོང་ཕྲུག་ཁྱོན་ཁྲི་42.64བཏབ་པ་དང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་གྲོང་ཁྱེར་དང་གྲོང་རྡལ་དུ་ཤིང་ཚོད་འཛུགས་བྱེད་རྒྱུ་ཚད་བརྒལ་བྱུང་ནས་སྡོང་ཕྲུག་རྐང་ཁྲི་3.07དང་ཤིང་སོན་རྐང་ཁྲི་5ལྷག་ཙམ་ཚོད་འདེབས་བྱས་པ་རེད། ཚན་རྩལ་འགག་སྒྲོལ་བརྒྱུད་རི་མཐོའི་རྒྱ་ལྕང་དང་གླ་ཚེར་སོགས་དཔེ་སྟོན་དུ་བྱས་པའི་མཐོ་གྲང་གི་ས་ཆར་འདེབས་རྒྱུར་འཚམ་པའི་ཤིང་རིགས་བདམས་པ་དང་རིམ་རྩིས་བརྒྱབ་ན་སྡོང་ཕྲུག་རྐང་ཁྲི་10ལྷག་ཙམ་ཚོད་འདེབས་བྱས་པར་གསོན་ཚད་80%བར་མཐོ་རུ་ཕྱིན་ནས་གྲོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།