གཞིས་རྩེ་གྲོང་ཁྱེར་གྱིས“སྒྲོག་འགྲེལ་པ་བརྒྱ་སྒྲིག་འཛུགས་དང་། བྱེད་སྒོ་སྟོང་སྤེལ་བ། ས་ཚིཌ་ཁྲིར་སྐྱོད་པ”བཅས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི“སྒྲོག་འགྲེལ་པ་བརྒྱ་སྒྲིག་འཛུཌ་དང་། བྱེད་སྒོ་སྟོང་སྤེལ་བ། ས་ཚིཌ་ཁྲིར་སྐྱོད་པའི”ཤེས་དཔལ་ལག་ལེན་དཔེ་སྟོན་གྱི་སྒྲོག་འགྲེལ་བྱེད་སྒོ་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་སེ་མ་དགྲ་འདུལ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་སྤེལ་འགོ་ཚུཌ་པ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་། ཕྱི་ནས་ཡོང་བའི་གླ་པ་རྒྱུག་མཁན། ཁོར་ཡུག་འཕྲོད་བསྟེན་པ། མྱུར་སྐྱེལ་བ་སོགས་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
ད་རེས་ཀྱི་བྱེད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། “རིག་རྩལ་དང་། སྒྲོག་འགྲེལ། མཉམ་འགུལ། དམངས་ཕན་བཅས་ཟུང་འབྲེལ་གྱི”བྱེད་སྟངས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་ལ་ཉེ་བཅར་ཐུབ་པ་དང་མི་ཚང་མའི་སེམས་སུ་ཟུག་པར་བྱས་ཡོད།
ས་གནས་ས་ཐོག་ཏུ་ད་དུང་ཕན་ཚུན་མཉམ་འགུལ་གྱི་དྲི་བ་བཏོན་པར་མང་ཚོགས་ཧུར་ཐག་ཞུགས་ནས་དྲིས་ལན་བཏབ་པ་བརྒྱུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཡག་པོ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།