དབུ་ཤོག
  • “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ལྗོངས་ཡོངས་སུ་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་143.97ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-05

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་གཙོ་བོ་གཞི་རྩར་འཛིན་པ་དང་། ཞིང་ནང་ཆུ་བེད་འཛུགས་སྐྲུན་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ནས། ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ནུས་ཕྱོད་ཆེ་རུ་གཏོང་བ་བཅས་རྒྱུན་མཐུད་བྱས་ཐོག ལས་གྲྭ་འཛུགས་སྐྲུན་དང་། ཚན་རིག་དང་མཐུན་པའི་བཀོད་གཏོང་། ཆུ་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་། ཕུགས་ཕན་གྱི་དོ་དམ་དང་བདག་སྐྱོང་བྱེད་པ་སོགས་ལ་དམིགས་ནས་ཤུགས་བརྒྱབ་པས། ས་མཐོའི་ཞིང་ཁར་ཆུ་གཏོང་བའི་འགན་ལེན་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ནས། རང་ལྗོངས་ཀྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆུ་བེད་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་པ་རེད།

    ཆུ་བེད་ནི་ཞིང་ལས་ཀྱི་སྲོག་རྩ་དང་། ཞིང་ཆུ་འདྲེན་ཁུལ་སྐྲུན་པ་ནི་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བའི་འདེགས་སྐྱོར་གཙོ་བོ་ཞིག་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་ཆུང་གསུམ་ལ་རིམ་པས་སྐུལ་འདེད་དང་མཉམ་དུ་ཤུགས་སྣོན་རྒྱག་པ་མཐའ་འཁྱོངས་བྱས་ཏེ། རིམ་རྩིས་བརྒྱབ་ན་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་24.5བཏང་བས། དམངས་འཚོར་ཕན་ཐོགས་ཤིང་ཞིང་ལས་ལ་རམ་འདེགས་བྱེད་པའི་ཆུ་བེད་ལས་གྲྭ་གཙོ་བོ་ཁག་གཅིག་དོན་ཐོག་ཏུ་འཁྱོལ་བ་མ་ཟད་ཕན་འབྲས་ཀྱང་ཐོན་ཏེ། ལྗོངས་ཡོངས་ཀྱི་ཞིང་ཆུ་འདྲེན་ཁུལ་གྱི་ལས་དོན་རྒྱུན་མཐུད་ནས་ཚགས་ཚུད་དུ་ཕྱིན་པ་རེད། དེ་ཡང་གཞིས་རྩེའི་མ་ནག་ཞིང་ཆུ་འདྲེན་ཁུལ་ཆེ་གྲས་ལ་དེང་རབས་ཅན་གྱི་སྒྱུར་བཀོད་བྱས་པ་བརྒྱུད། དེ་རྒྱུད་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ། ནས་དང་གྲོའི་ཐོན་འབབ་བརྟན་པོ་འཕར་བར་འགན་ལེན་བྱེད་པའི་སྲོག་རྩར་གྱུར་པ་དང་། ལྷ་ས་ཆུ་ཤུར་རྫོང་ཚལ་སྣེའི་ཞིང་ཆུ་འདྲེན་ཁུལ་གྱི་སྤུས་ཚད་ལེགས་སུ་བཏང་བས། ས་ཞིང་མུའུ་ཁྲི་ཡི་ཞིང་ཆུ་གཏོང་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་པ་མ་ཟད། འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་ཕྱིན་པའི་ཁར། མཐའ་འཁོར་གྱི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཡོང་བར་དེ་བས་རྒྱབ་སྐྱོར་ཐུབ་ཡོད། དེ་བཞིན་ཉིང་ཁྲིའི་བྲག་ཡིབ་ཆུས་ཀྱི་སྨན་རི་ཞིང་ཆུ་འདྲེན་ཁུལ་དང་གཞིས་རྩེ་གཏིང་སྐྱེས་རྫོང་གི་སྐྱིད་ལུང་ཕུའི་ཞིང་ཆུ་འདྲེན་ཁུལ་སོགས་ཞིང་ཆུ་འདྲེན་ཁུལ་འབྲིང་ཆུང་44བསྐྲུན་ནས་བེད་སྤྱོད་བཏང་བས་ཞིང་འབྲོག་ཁུལ་གྱི་ཞིང་ཆུ་གཏོང་བའི“མཐའ་མའི་འགག་གནད”གནད་སྨིན་བསལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ལྗོངས་ཡོངས་སུ་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་143.97ཆེ་རུ་དང་ལེགས་སུ་བཏང་བ་དང་། ཞིང་ཁར་གཏོང་བའི་ཆུ་ནུས་ལྡན་ངང་སྤྱོད་པའི་བཏགས་གྲངས་2020ལོའི་0.451ནས་2025ལོའི་0.465བར་མཐོ་རུ་ཕྱིན་ཡོད། ཆུ་བེད་ཀྱི་སྲ་ཞིང་བརྟན་བའི་འདེགས་སྐྱོར་འོག་བོད་ཀྱི་འབྲུ་རིགས་ཐོན་འབབ་ལོ་11བསྟུད་མར་ཏུན་ཁྲི་བརྒྱ་ཡན་དུ་བརྟན་པོར་གནས་ཡོད་པ་རེད།

    ཞིང་ལ་ལོ་ལེགས་ཡོང་དགོས་ན་ཆུ་བེད་སྔོན་ལ་འཇོག་དགོས། ས་མཐོའི་རྙོག་འཛིང་ཆེ་བའི་གནམ་གཤིས་དང་ཆུ་ཁམས་ཀྱི་ཆ་རྐྱེན་ལ་བལྟོས་ནས། རང་ལྗོངས་ཀྱི་ས་གནས་ཁག་གིས་ཆུའི་འགྱུར་ཚུལ་དང་། སེར་ལངས་ཚུལ། ཆར་པ་འབབ་ཚུལ་བཅས་ལ་ཕྱོགས་བསྡུས་དཔྱོད་ནུས་ཆེ་རུ་བཏང་ནས་ཞིབ་ཅིང་ཕྲ་ལ་ཚན་རིག་དང་མཐུན་པའི་ཆུ་བཀོད་གཏོང་མ་ལག་བཙུགས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་བེད་སྤྱོད་བཏང་སྟེ་འབྲུབ་འགོག་ཐན་འགོག་དང་། དཔྱིད་ཆུ་གཏོང་བ། སྐྱེ་ཁམས་བཞུར་ཚད་བཅས་འགན་ལེན་ལ་སྤྱི་འདོམས་ཀྱིས་ས་མཐོའི་འབྲུ་མཛོད་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

    ལོ་ལྟར་དཔྱིད་ཆུ་མ་བཏང་གོང་། ཆུ་བེད་སྡེ་ཚན་ཚང་མས་ཆར་ཆུ་འབབ་ཚད་དང་། ཆུ་མཛོད་ཀྱི་ཆུ་མང་ཉུང་། ས་རྒྱུའི་བཞའ་ཚན་ཆེ་ལོས་སོགས་འགག་རྩའི་གྲངས་གཞིར་ཕྱོགས་ཡོངས་ནས་དབྱེ་ཞིབ་ཀྱིས་དཔྱིད་ཆུ་གཏོང་བའི་ཆུ་མཁོ་འདོན་གྱི་འཆར་གཞི་དང་བཀོད་གཏོང་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ། ལོ་ཧྲིལ་པོའི་ཞིང་འབྲོག་ལས་ཐོན་སྐྱེད་ཐད་སྤྱོད་པའི་ཆུའི་དགོས་མཁོར་སྤྱི་འདོམས་བྱེད་ཀྱི་ཡོད།

    བོད་ཀྱི་ས་བབ་མཐོ་བའི་ཞིང་ལས་ཐོན་སྐྱེད་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ། རང་ལྗོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ལམ་ལུགས་འཛུགས་སྐྱོང་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་གཉིས་སྒུལ་ཤུགས་སུ་བྱས་ནས། དེང་རབས་ཅན་གྱི་ཞིང་ཆུ་གྲོན་ཆུང་མ་ལག་མགྱོགས་མྱུར་བཏོད་དེ། ཞིང་ཆུ་རགས་ལས་རྣམ་པའི་ཟད་གྲོན་ནས་ཞིབ་ལས་རྣམ་པའི་བེད་སྤྱོད་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད། ལྷ་ས་ཚལ་གུང་ཐང་གི་ཆུ་གྲོན་ཆུང་གི་ཞིང་ཆུ་གཏོང་བའི་ཚོད་ལྟའི་ས་ཚིགས་ཀྱིས་ནས་དང་། གྲོ། པད་ཁ་སོགས་ས་མཐོའི་ཁྱད་ལྡན་ལོ་ཏོག་ལ་ཞིང་ཆུ་གཏོང་བའི་འགག་རྩའི་ལག་རྩལ་ལ་རྒྱུན་མཐུད་ཞིབ་འཇུག་བྱས་ཏེ། ཚན་རིག་དང་མཐུན་པའི་ཞིང་ཆུ་གཏོང་བའི་ལམ་ལུགས་བཟོས་ནས་ཞིང་ལས་ཐོན་སྐྱེད་ལ་གནད་སྨིན་ངང་ཞིང་ཆུ་གཏོང་བར་ཆེད་ལས་ལག་རྩལ་གྱི་མཛུབ་ཁྲིད་བྱས་ཡོད། གཞིས་རྩེའི་ལ་ལྷོ་ཞིང་ཆུ་གཏོང་ཁུལ་ཚོད་ལྟ་བྱེད་སར་བྱས་ནས་རང་ལྗོངས་ཀྱིས་གྲངས་གཞི་དང་དཔེ་དབྱིབས་ཟུང་འབྲེལ་གྱི་ཞིང་ཆུ་འདྲེན་ཁུལ་སྔོན་ལ་འཛུགས་སྐྲུན་དང་སྔོན་ལ་ཚོད་ལྟ་བྱས་ནས། ཞིང་ཆུ་འདྲེན་ཁུལ་གྱི་དོ་དམ་ཞིབ་ཚགས་ཅན་དང་རིག་ནུས་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད། མིག་སྔར་ལྗོངས་ཡོངས་སུ་ཞིང་ཆུའི་ཚད་འཇལ་སྒྲིག་ཆས་ཆ་ཚང་1870ལྷག་ཙམ་བསྐྲུན་པས། ཞིང་ཆུ་འདྲེན་ཁུལ་གྱི་ཆུ་སྤྱོད་ཀྱི་གནད་སྨིན་ལྟ་ཞིབ་ཚད་ལེན་དང་ཚན་རིག་དང་མཐུན་པའི་ཞིབ་རྩིས་རྒྱག་པ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།