དབུ་ཤོག
  • བོད་ཀྱི་ཤང་གྲོང་གསུམ་རྒྱལ་ཡོངས་ཀྱི་དུས་བདེའི་མཐའ་མཚམས་ཀྱི་དཔེ་བཟང་ཤང་གྲོང་ཁག་གཉིས་པར་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-05

    ཉེ་ཆར། རྒྱལ་ཁབ་གནས་སྤོས་ཡུལ་མི་ཅུས་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། ཞིང་ལས་དང་གྲོང་གསེབ་པུའུ། རྒྱལ་ཁབ་མཐའ་མཚོ་འགོག་སྲུང་ཨུ་ལྷན་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་བཀོད་སྒྲིག་བྱས་ནས་སྤེལ་བའི་དུས་བདེའི་མཐའ་མཚམས་ཀྱི་དཔེ་བཟང་འཛུགས་གཏོད་བྱེད་སྒོས་པེ་ཅིང་དུ་དུས་བདེའི་མཐའ་མཚམས་དཔེ་བཟང་རྫོང་དང་། གྲོང་ཁྱེར། ཤང་གྲོང་བཅས་ཀྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་པ་རེད། རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་5དང་ཤང་གྲོང་19ལ་དུས་བདེའི་མཐའ་མཚམས་ཀྱི་དཔེ་བཟང་རྫོང་དང་། གྲོང་ཁྱེར། ཤང་གྲོང་བཅས་ཁག་གཉིས་པའི་མིང་བཏགས་པ་རེད། དེའི་ནང་བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་དང་། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་། མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་གྲོང་རྡལ་བཅས་རྒྱལ་ཡོངས་ཀྱི་དུས་བདེའི་མཐའ་མཚམས་དཔེ་བཟང་ཤང་གྲོང་ཁག་གཉིས་པར་བདམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བོད་རང་ལྗོངས་ཀྱི་ཤང་གྲོང་3ལ་རྒྱལ་ཡོངས་ཀྱི་དུས་བདེའི་མཐའ་མཚམས་ཀྱི་དཔེ་བཟང་ཤང་གྲོང་ཁག་གཉིས་པར་བདམས་པ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་དུས་བདེའི་མཐའ་མཚམས་འཛུགས་སྐྲུན་སྤྱི་ཡོངས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དུས་བདེ་འཛུགས་སྐྱོང་གི་ཕྱོགས་ཡོངས་ཀྱི་བཀོད་པར་བཅུག་ནས་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་དུས་བདེའི་མཐའ་མཚམས་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བར་ཁས་ལེན་གང་ལེགས་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།