དངོས་ཟོག་དབོར་འདྲེན་གྱི་ལྟེ་གནས། བརྩེ་བ་མཉམ་འདྲེས་ཀྱི་ལས་སྟེགས།
ཀྲང་ཉན་ཧྲེང་།

འདི་ནི་ཀོན་ཏན་གྲུ་ཁར་ཟོག་འབེབས་འཕྲུལ་འཁོར་གྱིས་ལས་ཀ་བྱེད་བཞིན་པ།
ཀོན་ཏན་གྲུ་ཁར་དྲོད་གཤེར་ལྡན་པའི་རླུང་བུ་ལྡང་འོང་། གནམ་གཤིས་དང་བསྡུར་ན་འདི་གའི་ལས་ཀ་བྱེད་མཁན་ལ་སྐྱིད་སྣང་གཞན་ཞིག་ཡོད་པ་རེད།
“མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་གྱིས། ཀྲུང་གོ་ནི་མ་ལེ་ཞི་ཡའི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཞིག་ཡིན”ཞེས་རྒྱུན་དུ་བརྗོད་ཀྱི་ཡོད། ཀོན་ཏན་གྲུ་ཁའི་གཞུང་དོན་ཁང་གི་ཀྲོན་ཡོན་དང་ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་ལུའུ་པི་ཡིས། ཉེ་བའི་ལོ་ཤས་རིང་། མ་ཀྲུང་ཕྱོགས་གཉིས་པོའི་མཐོ་རིམ་དབར་ཕན་ཚུན་འཚམས་འདྲི་ཡང་ཡང་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཉིན་བཞིན་ཟབ་ཏུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། མཉམ་འགུལ་དེ་རིགས་གསར་འགྱུར་ཐོག་སྤེལ་བའི་དོན་ཆེན་ཡིན་པ་མ་ཟད། དེས་ཉེ་འཁོར་གྱི་མི་ལའང་འགྱུར་ལྡོག་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད། ཁོང་གིས་རང་ཉིད་ཀྱིས་དོ་སྣང་བྱུང་བའི་ཞིབ་ཕྲའི་གནས་ཚུལ་ཞིག་བཤད་པ་སྟེ། མ་ལེ་ཞི་ཡ་ཕྱོགས་ཀྱི་ལས་མི་སྔར་བས་མང་བ་ཀྲུང་གོར་བསྐྱོད་དེ་གསོ་སྦྱོང་ལ་ཞུགས་པ་དང་། འགྲེམས་ཚོགས་ལ་ལྟ་བ། གྲུ་ཁ་དང་ཁེ་ལས་ལ་འཚམས་འདྲི་བཅས་བྱེད་ཀྱི་ཡོད། ཁོང་ཚོ་ཕྱིར་ལོག་རྗེས་དགའ་ཚོར་ཆེན་པོས། “མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་ཕྱིན་སོང”ཞེས་བརྗོད་ཀྱི་ཡོད། ད་ཆ་གྲུ་ཁའི་འཐབ་ས་དང་པོར་མ་ལེ་ཞི་ཡའི་ལས་མིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་གྲུ་ཁའི་གནས་ཚུལ་གསར་ཤོས་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། དཀའ་གནད་འཕྲད་སྐབས་ཀྲུང་གོའི་ལས་རོགས་བཙལ་ནས་གྲོས་བསྡུར་བྱེད་ཀྱི་ཡོད། ཁོང་ཚོའི་དབར་གྱི་འབྲེལ་གཏུག་ཐད་འཚེར་སྣང་ཉུང་དུ་སོང་ནས་རང་འགུལ་གྱི་རོགས་རམ་བྱེད་སེམས་ཆེ་རུ་སོང་བ་དེས་ལས་ཀ་བྱེད་པའི་བརྒྱུད་རིམ་སྟབས་བདེ་རུ་སོང་བ་དང་ཕན་ཚུན་དབར་གྱི་འབྲེལ་བ་ཟབ་ཏུ་སོང་ཡོད། མ་གྲོས་གཅིག་མཐུན་གྱི་སྤེལ་རེས་མང་པོ་དང་ལས་ཀའི་ཁྲོད་ཀྱི་ཉམས་མྱོང་ལས་ཁོང་ཚོ་འཚར་ལོངས་བྱུང་ཡོད་ཅེས་ལུའུ་པི་ཡིས་བརྗོད་པ་རེད།
གྲུ་ཁ་ནི་དངོས་ཟོག་དབོར་འདྲེན་བྱེད་སའི་ལྟེ་བ་ཡིན་ལ། བརྩེ་བ་མཉམ་འདྲེས་ཀྱི་ལས་སྟེགས་ཤིག་ཀྱང་ཡིན། མ་ལེ་ཞི་ཡའི་ལས་བཟོ་དེ་བས་མང་བ་ཀྲུང་གོར་བསྐྱོད་ནས་ཀྲུང་གོར་ཤེས་རྟོགས་བྱེད་པ་དང་། ཀྲུང་གོའི་འཛུགས་སྐྲུན་པ་དེ་བས་མང་བ་ས་གནས་དེ་གར་ཡོང་ནས་ལས་ཀ་བྱེད་སྐབས་ཕན་ཚུན་བརྩི་འཇོག་བྱེད་ཀྱི་ཡོད་པས“རོགས་ཟླའི་འབྲེལ་བ”དེ་ཞིབ་ཕྲའི“ལས་རིགས་ཀྱི་ཡིད་ཆེས་སུ”གྱུར་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དངོས་འབྲེལ་་ཟབ་ཏུ་སོང་ཡོད། ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་གྲོགས་ཀྱི་འབྲེལ་བ་དེ་བྱ་བ་ཆུང་ཙག་དེའི་ཁྲོད་དེ་བས་ཟབ་ཏུ་དང་བརྟན་དུ་འགྲོ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།