དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་དྭངས་གསལ་དུས་ཚིགས་སུ་དུར་ཕྱགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-04

    ཟླ་3ཚེས་31ཉིན། དྭངས་གསལ་དུས་ཚིགས་འཆར་ཉེའི་མཚམས་སུ། ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཡ་ཅུན་གྱིས་གཞུང་ཚབ་ཁང་གི་ལས་དོན་པ་དང་། ཁྲའོ་ཞན་དུ་བཅའ་སྡོད་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་འཐུས་མི་ཁྲུའུ་དང་དེ་བཞིན་ཁྲའོ་ཞན་དུ་བྱེས་སུ་སྡོད་པའི་ཕྱིར་སྡོད་རང་མི། ཁྲའོ་ཞན་དུ་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི། སྨྱན་སྦྱོར་དང་ཕྱི་སྦྱོང་སློབ་མ་སོགས་ཀྱི་འཐུས་མི་70ལྷག་ཙམ་གྱི་སྣེ་ཁྲིད་དེ་ཕིང་ཨན་པེ་ཏའོ་ཏིང་ཀྲོའུ་གྲོང་ཁྱེར་དང་ཀུའེ་ཁྲེང་གྲོང་ཁྱེར་དུ་བསྐྱོད་དེ་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་དུར་ཕྱགས་བྱས་པ་རེད།

    ཝང་ཡ་ཅུན་གྱིས། ཁྲའོ་ཞན་ཏང་དང་སྲིད་གཞུང་གིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ཉམས་གསོ་དང་བདག་སྐྱོང་ཞིབ་ཚགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁྲག་དྲོན་ལས་གྲུབ་པའི་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།