ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཉམས་གསོའི་རྒྱལ་སྤྱིའི་གྲལ་སྒོར་ཚོགས་འདུ་གྲུབ་འབྲས་ལྡན་པའི་ངང་འཚོགས་པ།

འདི་ནི་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཉམས་གསོའི་རྒྱལ་སྤྱིའི་གྲལ་སྒོར་ཚོགས་འདུར་ཞུགས་མཁན་དབྱི་ཐ་ལིའི་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་པེ་ཅིང་དུ་གནས་པའི་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་དཔེ་དེབ་དང་ཡིག་ཚགས་ཁང་གི་ཚད་ལྡན་ཡིག་ཚགས་ཉམས་གསོ་ཁང་དུ་ཡོང་ནས་དེར་ཉར་ཚགས་བྱས་པའི་དཔེ་རྙིང་ཉམས་གསོ་བྱ་ཚུལ་ལ་ཤེས་རྟོགས་བྱེད་བཞིན་པ།
ཟླ་4ཚེས་2ཉིན། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཉམས་གསོའི་རྒྱལ་སྤྱིའི་གྲལ་སྒོར་ཚོགས་འདུ་མཇུག་འགྲིལ་བ་རེད། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མཉམ་དུ་འཛོམས་ནས། རིག་གཞུང་གི་གྲལ་སྒོར་ཚོགས་འདུར“གོ་ལ་ཧྲིལ་པོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འཕེལ་ཕྱོགས”དང་། “རིག་དངོས་སྲུང་སྐྱོང་ཉམས་གསོའི་ལག་རྩལ་གསར་གཏོད་དང་ལག་ལེན” “ཚན་ཞིབ་ཀྱི་གྲུབ་འབྲས་དང་རྒྱུ་ཆའི་ལག་རྩལ་གཞན་སྒྱུར་བེད་སྤྱོད”སོགས་ཀྱི་འབྲེལ་ཡོད་གྲོས་གཞིར་དམིགས་ཏེ་བགྲོ་གླེང་ཟབ་མོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།