དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་གིས་མི་ཁྲི་བརྒྱ་ལྷག་ཙམ་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-04

    ཉེ་ཆར། གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་། དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་རྒྱལ་ཡོངས་སུ་ནུས་ཤོར་ཚབས་ཆེ་ཙམ་གྱི་རྒན་རྒོན་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་སྤྲོད་པའི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཡོད། མིག་སྔའི་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་འཛད་སྤྱོད་འཛིན་ཤོག་ཁྲི་332.8ཞིབ་བཤེར་རྩིས་སུབ་བྱས་པ་དང་། ཞིབ་བཤེར་རྩིས་སུབ་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་23.5ཟིན་པ་དང་། དེས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་དངུལ་འབོར་སྒོར་དུང་ཕྱུར་115ཟིན་པར་སྐུལ་ཁྲིད་ཐུབ་ནས་ནུས་ཤོར་རྒན་རྒོན་ཁྲི་105ལྷག་ཙམ་རྣམ་གྲངས་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད་པ་རེད།

    ཐོབ་ཐང་རེ་ཞུའི་ཐད། འཛད་སྤྱོད་ཁ་གསབ་སྤྲོད་ཡུལ་ནི་ནུས་ཤོར་འབྲིང་ཙམ་དང་། ཚབས་ཆེན། རྦད་དེ་ཉམས་པ་བཅས་ལ་གཅིག་གྱུར་ཚོད་སྐོར་བྱས་ནས་གཏན་འཁེལ་བའི་རྒན་རྒོན་ཡིན་དགོས། དམིགས་བསལ་དཀའ་ངལ་ཡོད་མཁན་ལ་བསྙེན་བཀུར་རོགས་སྐྱོབ་དང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ནུས་ཤོར་རིགས་ཀྱི་རྒན་རྒོན་ལ་གཅིག་སྡུད་ལྟ་སྐྱོང་ཞབས་ཞུའི་ཁ་གསབ་སོགས་འབྲེལ་ཡོད་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་བཞིན་པའི་མི་ཚོགས་དག་གནས་སྐབས་དེའི་ནང་ཚུད་ཀྱི་མེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།