“ལོ་ལྔ་ཚན་བཅུ་བཞི་པའི”རིང་།
ཆུ་བེད་ཁྲིམས་འཛུགས་ཀྱི་གྲངས་འབོར་མང་བ་དང་ཁྲིམས་སྒྱུར་ནན་ལ་གྲུབ་འབྲས་ལེགས་པ།
གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཆུ་བེད་ཁྲིམས་འཛུགས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། རྒྱལ་ཁབ་ཀྱི་ངོས་ནས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། སྡེ་ཚན་གྱི་སྒྲིག་སྲོལ་བཅས་ཁྱོན་བསྡོམས་ཁག་17བཏོན་པ་དེ་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་བརྒལ་ཡོད།
ས་ཆུ་སྲུང་འཛིན་གྱི་བཅའ་ཁྲིམས་སྒྲོམ་གཞི་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་མིས་རྐྱེན་པས་ས་ཆུ་ཤོར་བ་སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་ཅིང་། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཁྲི་48ལྷག་ཙམ་ལ་ཁྲིམས་ལྟར་ས་ཆུ་སྲུང་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་མིས་རྐྱེན་པས་ས་ཆུ་ཤོར་ཚད་སྤྱི་ལེ་གྲུ་བཞི་མ་ཁྲི་14འཕར་སྲིད་པ་སྔོན་འགོག་བྱས་ཡོད། འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་དང་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་སོགས་འབབ་རྒྱུད་ཀྱི་བཅའ་ཁྲིམས་སྔ་རྗེས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི“གཙང་པོའི་འཐབ་ཇུས”ལག་བསྟར་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་འདོན་རྒྱུར་སྐུལ་འདེད་གཏོང་བའི་ནང་ཞུགས་ནས་ཆུའི་ཐོན་ཁུངས་དང་། གཙང་པོ་དང་མཚེའུ། ས་ཆུ་སྲུང་འཛིན་བཅས་ཁྲིམས་གཞུང་ནང་ལོགས་སུ་བཀོད་ཡོད་པ་རེད། ཆུའི་བཅའ་ཁྲིམས་དང་ཆུ་ལོག་འགོག་པའི་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུ་དེ་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་འཆར་འགོད་ནང་འགོད་རྒྱུར་སྐུལ་འདེད་བཏང་ཞིང་། ཆུའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བས་མི་རིང་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པ་རེད།
ཆུ་བེད་ཁྲིམས་སྒྱུར་གྱི་ཐད། ཆུའི་སྲིད་འཛིན་ཁྲིམས་སྒྱུར་དེ་ཉེས་དོན་ཁྲིམས་འཛིན་དང་འབྲེལ་མཐུད་དང་དེ་བཞིན་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་མཉམ་ལས་ལམ་སྲོལ་བཙུགས་ཤིང་། ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་རྣམ་གྱི་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་བོ་དང་མཚོ་ཡི་བདེ་འཇགས་དང་། འབྲུབ་འགོག་བདེ་སྲུང་། ཆུའི་ཐོན་ཁུངས་སྲུང་སྐྱོང་སོགས་ཀྱི་ཆེད་དོན་ཁྲིམས་སྒྱུར་ལས་དོན་སྤེལ་ཏེ་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་ཆུ་དོན་ཁྲིམས་འགལ་གྱོད་གཞི་ཁྲི་10.72ཞིབ་བཤེར་ཐག་གཅོད་བྱས་པས་ཆུ་དོན་སྒྲིག་སྲོལ་བརྟན་ཐོག་ལེགས་འཕེལ་བྱུང་ཡོད། ཁྲིམས་ལུགས་ཞིབ་དཔྱད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཆུ་བེད་པུའུ་ཡིས་རིམ་རྩིས་བརྒྱབ་ན་ཐབས་ཇུས་གལ་ཆེན་སྣ་ཚོགས་དང་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ཁག་632བྱས་ཡོད། སྲིད་འཛིན་གྱི་ཞིབ་མཆན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཆུ་བེད་སྲིད་འཛིན་གྱི་ཆོག་འཐུས་དོན་ཚན་གྱི་གསལ་ཐོ་པར་འགྲེམས་བྱས་ཤིང་། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”དང་དེ་བཞིན་གློག་རྡུལ་ཅན་གྱི་སྒྱུར་བཅོས་ཚང་མ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ“ཆུ་བེད་གཞུང་དོན་ཁང”གི་སྒུལ་བདེའི་དུད་སྣེ་བསྐྲུན་པ་དང་ལས་སྒོ་97%ལ“སྦར་མཐིལ་ནས་སྒྲུབ་པ”མངོན་འགྱུར་བྱུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།