དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཐེངས་སོ་ལྔ་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-04

    ཟླ་4ཚེས་1ཉིན། རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཐེངས་སོ་ལྔ་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཏའོ་ཧྲུའུ་ཡིས། ད་ལོའི་དྲིལ་བསྒྲགས་ཟླ་བར“ཁྲལ་བསྡུ་དང་། ཁྲིམས་སྐྱོང་། དྲང་གཞག”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་ཁྲལ་དོན་སྡེ་ཚན་གྱིས་ཁྲིམས་སྐྱོང་དྲང་གཞག་སྲུང་སྐྱོང་དང་སྒྲིག་སྲོལ་དང་མཐུན་པའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཕྱོགས་སྟོན་མཚོན་པར་བྱས་ཡོད། དེའི་དམིགས་ཡུལ་ནི་དུས་ཡུན་ཟླ་བ་གཅིག་རིང་ཁྲལ་དོན་བཅའ་ཁྲིམས་གཅིག་སྡུད་ཁྱབ་གདལ་བཏང་ནས་རྒྱ་ཆེའི་གཉེར་སྐྱོང་བྱེད་པོས་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་དང་ཁ་དན་ཚིག་གནས་ངང་ཁྲལ་འཇལ་བར་ཁྲིད་སྟོན་དང་སྐུལ་འདེད་ནུས་ལྡན་གཏོང་བ་དང་། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། ཁྲིམས་སྐྱོང་དྲང་གཞག་གི་ཁྲལ་བསྡུའི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་སྔར་བས་ཆེ་རུ་གཏོང་རྒྱུ་བཅས་ཡིན་པ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་རིང་། ཡིད་རྟོན་ཁྲལ་འཇལ་དང་གྲོན་འཇལ་གྱི་དཔེ་མཚོན་གཅིག་སྡུད་འོས་སྦྱོར་དང་། དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ། ཁྲལ་སྒྲུབ་དང་གྲོན་འཇལ་ཞབས་ཞུའི་བྱ་ཐབས་གསར་པ་དྲིལ་བསྒྲགས་བཅས་བྱ་རྒྱུ་ཡིན་པ་རེད། “རྐང་འཛིན་ཁེ་ལས་སུ་བསྐྱོད་ནས་ཁྲལ་བསྡུའི་སྒྲིག་སྲོལ་ལུགས་མཐུན་ཡིན་མིན་ལ་ལྟ་བའི”དྲ་ཐོག་དཔྱད་འདེམས་ཀྱི་བྱེད་སྒོ་སྤུས་རྟགས་དང“དྲ་རྒྱའི་གཙོ་སྐྱོང་གི་ཁྲལ་བསྡུ་ལུགས་མཐུན་གྱི་སློབ་ཚན”སོགས་བྱེད་སྒོ་རབ་དང་རིམ་པ་ཟླ་4པར་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།