སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དྭངས་གསལ་དགུང་གསེང་རིང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་བྱས་པ།
སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཉེ་བའི་ལོ་ཤས་རིང་དྭངས་གསལ་དགུང་གསེང་རིང་གི་འགྲིམ་འགྲུལ་ལས་འཛོལ་གྱི་ཆོས་ཉིད་དང་ཁྱད་ཆོས་ལ་གཞིགས་ཏེ། དྭངས་གསལ་དགུང་གསེང་རིང་གི་འགྲིམ་འགྲུལ་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་པ་མ་ཟད། འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་ཡང་བྱས་པ་རེད།
སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དྲན་སྐུལ་བྱས་དོན། དགུང་གསེང་རིང་སྒེར་འཁོར་བཏང་ནས་ཕྱིར་སྐྱོད་སྐབས་ལམ་ཐག་ཧྲིལ་པོར་སྲུང་ཐག་བཅིང་དགོས་པ་དང་། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ་དང་། སེམས་གཡེངས་ནས་རླངས་འཁོར་གཏོང་བ། ཚད་གཞི་ལས་བརྒལ་ནས་འགྲུལ་པ་བླུག་པ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་གཏན་འགོག་བྱེད་དགོས། མྱུར་བགྲོད་གཞུང་ལམ་དུ་སྐྱོད་སྐབས་རླངས་འཁོར་དབར་གྱི་བར་ཐག་དང་མྱུར་ཚད་རན་པོ་འཇོག་དགོས་པ་དང་། ཆར་པ་འབབ་པའི་གནམ་གཤིས་བསྟན་སྐབས་མྱུར་ཚད་དལ་དུ་གཏོང་དགོས། ལམ་བསྒྱུར་ཏེ་རླངས་འཁོར་གཞན་གྱི་མདུན་དུ་བསྐྱོད་པའི་བྱེད་སྤྱོད་ཉུང་དུ་གཏོང་དགོས། ཞིང་ལས་དང་ཞོར་ལས་ལ་སྐྱོད་སྐབས་ཟོག་འཁོར་དང་། འཁོར་གསུམ་རླངས་འཁོར། འདྲུད་འཐེན་འཕྲུལ་འཁོར་སོགས་འགྲུལ་པ་སྡོད་མི་ཆོག་པའི་འཁོར་རིགས་དང་དེ་བཞིན་འགྲུལ་པ་ཚད་ལས་འགལ་ནས་བླུགས་པའི་མན་པའོ་རླངས་འཁོར་ནང་སྡོད་མི་ཆོག
འབྲེལ་ཡོད་གསར་འགྱུར།