དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཉིང་ཁྲི་གྲོང་ཁྱེར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-04

    ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཡིས་རུ་སྣེ་ཁྲིད་ནས་ཉིང་ཁྲིར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་གནད་དོན་དག་ཐེར་མཐོར་གཏོང་གི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བར་ཕེབས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལག་ལེན་བསྟར་ལ་ཉེ་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་མཚོ་བོད་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། དེ་བཞིན་རི་ཆུ་བཅས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་སྔ་རྗེས་སུ་བྲག་ཡིབ་ཆུས་དང་། སྨན་གླིང་གྲོང་ཁྱེར། མེ་ཏོག་རྫོང་། སྤོ་བོ་རྫོང་སོགས་རྫོང(ཆུས་དང་གྲོང་ཁྱེར)དུ་ཕེབས་ནས་གཙོ་གནད་རྣམ་གྲངས་ཀྱི་ལས་གྲྭ་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་སོགས་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཡོད། གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་བརྟག་ཞིབ་ཚོགས་ཆུང་གིས། འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་གིས་ཁོར་ཡུག་དཔྱད་དཔོག་གི་མཆན་བཀོད་བླང་བྱར་ནན་པོར་གཞིགས་པ་དང་དུས་མཚུངས་ཨར་ལས་ཀྱི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་སྙིགས་རོར་དོ་དམ་ནན་པོ་བྱས་ཏེ་ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་ཨར་སྐྲུན་གད་སྙིགས་སྣ་ཚོགས་གཙང་སེལ་བྱས་ཏེ། ལས་ཀའི་གྲུབ་འབྲས་བཟང་པོར་བརྟེན་ནས་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་འགན་ལེན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་བསིང་དང་གད་སྙིགས་གཙང་སེལ་ཐད་གནས་པའི་གནད་དོན་ལ་དམིགས་ཏེ་བརྟག་ཞིབ་ཚོགས་ཆུང་གིས། བརྒྱུད་རིམ་ལྡན་པའི་སྒོ་ནས་ཐབས་ཇུས་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་མདོང་དྲ་གཞི་གཅིག་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་བཙོག་ཆུ་ཚང་མ་བསྡུ་རུབ་དང་གཙང་གསིང་ཡག་པོ་བྱས་ནས་བཙོག་ཆུ་ཚད་གཞི་དང་མཐུན་པ་དང་འབུད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། འཚོ་བའི་གད་སྙིགས་ཚང་མ་བསྡུ་རུབ་དང་གནོད་མེད་ཅན་དུ་གཙང་སེལ་ཡག་པོ་བྱས་ཏེ། གད་སྙིགས་འབོར་ཉུང་ཅན་གྱི་ལས་དོན་འཚོལ་ཞིབ་དང་དེར་སྐུལ་འདེད་ཧུར་ཐག་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།