བོད་ཀྱི་ཤང་གྲོང་འདི་ཉིད“ཀྲུང་གོའི་མཛེས་མཐུན་གྲོང་གསེབ་ཀྱི་ཐུན་མོང་ཕྱུག་འགྱུར་མནའ་འབྲེལ”ནང་ཐོག་མར་ཞུཌ་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་སྐབས་བཅུ་གཅིག་པའི་ཁམ་བུའི་མེ་ཏོག་དུས་ཆེན་ཐོག་སྙེའུ་ཤང་དེ་ཉིད“ཀྲུང་གོའི་མཛེས་མཐུན་གྲོང་གསེབ་ཀྱི་ཐུན་མོང་ཕྱུག་འགྱུར་མནའ་འབྲེལ”ནང་ཐོག་མར་ཞུགས་ནས། མནའ་འབྲེལ་དེའི་ནང་ཞུགས་མཁན་བོད་ཀྱི་གྲོང་གསེབ་ཐོག་མ་དེར་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་གོའི་མཛེས་མཐུན་གྲོང་གསེབ་ཀྱི་ཐུན་མོང་ཕྱུག་འགྱུར་མནའ་འབྲེལ”དེ་བཙུགས་པའི་དམིགས་ཡུལ་ནི། འདྲ་བཟོས་དང་རྒྱུན་མཐུད་ཆོག་པའི་ཐུན་མོང་འབྱོར་ཕྱུག་གི་ལམ་སྲོལ་ཞིག་གཏོད་ཆེད་རེད། མནའ་འབྲེལ་དེས“ཐུན་མོང་ཕྱུག་འགྱུར་སྒོ་རྩིས་ཚོང་ཁང”ལྟེ་བའི་གཞི་རྟེན་དུ་བྱས་པ་དང་། ཞིང་ཞོར་ཐོན་རྫས་འཁོར་རྒྱུག་ལས་སྟེགས་སྐྲུན་པ། “དྲ་ཐོག་དང་དྲ་ཕྱིའི”ཚོང་གཉེར་དྲ་རྒྱ་གཏོད་པ་བཅས་བྱས་ནས་དངོས་ཟོག་ཡག་པོ་བྲིན་ཚོང་ཐུབ་པ་དང་ཞིང་པ་ཕྱུག་པོ་ཆགས་པར་བྱས་ཡོད། མིག་སྔར་མནའ་འབྲེལ་དེར་ཞིང་ཆེན་13དང་གྲོང་ཁྱེར་དང་རྫོང་35ནས་ཡོང་བའི་སྤུས་ལེགས་ཞིང་ཞོར་ཐོན་རྫས་རིགས་200ལྷག་ཙམ་བསྡུ་རུབ་བྱས་ཡོད།
“ང་ཚོ་སེའུ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་ལག་གདང་སྦྲེལ་ནས་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པའི་རེ་བ་ཡོད”ཅེས་ཀྲུང་གོའི་མཛེས་མཐུན་གྲོང་གསེབ་ཀྱི་ཐུན་མོང་འབྱོར་ཕྱུག་མནའ་འབྲེལ་གྱི་གྲོས་འགོ་འདོན་མཁན་དང་། ཀྲེ་ཅང་ཡུས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་དབང་ཡུས་ཁྲེང་གིས་བརྗོད་ཅིང་། ཁོང་ཆེད་མངགས་དེ་གར་ཡོང་སྟེ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་འཁོད་པའི་ཡུས་གྲོང་ཚོའི་རྡོ་རིང་དབྱིབས་ཀྱི་རིག་དངོས་གསར་གཏོད་ཐོན་རྫས་ཤིག་སྙེའུ་ཤང་ལ་སྤྲད་ཡོད།
འབྲེལ་ཡོད་གསར་འགྱུར།