འདི་ལོ་བོད་ཀྱི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་361.88ཟིན་པའི་འཆར་གཞི་ཡོད་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལྗོངས་ཡོངས་ཀྱི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་361.88ཟིན་པའི་འཆར་གཞིའི་ནང་འབྲུ་རིགས་ལོ་ཏོག་མུའུ་ཁྲི་261.96དང་། སྔོ་ཚལ་མུའུ་ཁྲི་43.28 ལོ་ཏོག་གཞན་དག་མུའུ་ཁྲི་56.64བཅས་ཡིན་པ་རེད།
ཟླ་3ཚེས་26ཉིན་བར། ལྗོངས་ཡོངས་སུ་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་13.01ལེགས་གྲུབ་ཟིན་པ་དེས་སྤྱིའི་འདེབས་ཁྱོན་གྱི་3.6%བཟུང་བའི་ནང་འབྲུ་རིགས་ལོ་ཏོག་མུའུ་ཁྲི་9.12དང་། སྔོ་ཚལ་མུའུ་ཁྲི་2.52 པད་ཁ་མུའུ་ཁྲི་1.36བཅས་ཟིན་ཡོད། ནས་སོན་དང་། ཞིང་སྨན། རྫས་ལུད། ཁྱིམ་ལུད་སོགས་ཀྱི་ཞིང་སྤྱོད་རྒྱུ་ཆ་ཉོ་སྒྲུབ་དང་གཏོང་འདྲེན་ལས་དོན་བརྟན་པོའི་ངང་སྒྲུབ་བཞིན་ཡོད་ཅིང་། མིག་སྔར་ཞིང་སྤྱོད་རྒྱུ་ཆ་སྤྱིའི་ཆ་ནས་དམིགས་སར་འབྱོར་ཚད་70%ཙམ་ཟིན་ཏེ་དཔྱིད་འདེབས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།