དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྒྲ་སྙན་ཞབས་བྲོའི་ཟློས་གར《བཀྲ་ཤིས་ཞབས་བྲོ》པེ་ཅིང་དུ་འཁྲབ་སྟོན་ཐོག་མ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-03

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཀྲུང་གོའི་སྒྲ་སྙན་ཞབས་བྲོའི་ཟློས་གར་དང་པོ《བཀྲ་ཤིས་ཞབས་བྲོ》ཀྲུང་དབྱང་གླུ་གར་ཁང་དུ་འཁྲབ་སྟོན་ཐོག་མ་བྱས་པ་རེད།

    སྒྲ་སྙན་ཞབས་བྲོའི་ཟློས་གར་འདི་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས་སོགས་ཀྱིས་མཉམ་འབྲེལ་ཐོག་བཏོན་པ་རེད། ལོ་གསུམ་རིང་གསར་གཏོད་དང་ནང་སྦྱོང་བྱས་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཏེ། ལྷ་རྩེའི་སྟོད་གཞས་ཀྱིས་མཚོན་ཚུལ་གཙོ་བོར་བྱས་པ་དང་། ནང་མ་དང་། གཞས་ཆེན། སྒོར་གཞས་སོགས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོའི་གཞི་རྒྱུ་མང་པོ་གཅིག་སྡུད་བྱས་ནས་གསར་གཏོད་དང་། རྩོམ་སྒྲིག ནང་སྦྱོང་བཅས་བྱས་པ་བརྒྱུད་སྒྲ་སྙན་ཞབས་བྲོ་ཟློས་གར་ཧྲིལ་པོར་ཁྱབ་པ་དང་ཞབས་བྲོའི་སྟངས་སྟབས་ཁྲོད་ནས་གཏམ་རྒྱུད་བརྗོད་ཀྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། 《བཀྲ་ཤིས་ཞབས་བྲོ》ཀྲུང་དབྱང་གླུ་གར་ཁང་དུ་འཁྲབ་སྟོན་བྱས་པ་དང་། འབྱུང་འགྱུར་ད་དུང་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་ནས་སྟོབས་ཤུགས་དང་དབྱངས་འགྲོས་ལྡན་པའི་ཞབས་བྲོའི་ཟློས་གར་དེ་ལྟད་མོ་བ་དེ་བས་མང་བས་མཐོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།