བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
དཀའ་སྡུག་དང་ཚེ་སྲོག་གསར་པ། པད་མ་བཀྲ་ཤིས།

འདི་ནི་པད་མ་བཀྲ་ཤིས་ཀྱི་པར་ཡིན་པ།

འདི་ནི་པད་མ་བཀྲ་ཤིས(དཀྱིལ)དང་། བུ་མོ། མག་པ་བཅས་ཁྱིམ་དུ་བརྒྱབ་པའི་མཉམ་པར་ཡིན་པ།
ད་ལོ་ལོ་84ལ་སླེབས་པའི་པད་མ་བཀྲ་ཤིས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་མི་ཡིན་པ་དང་བགྲེས་སོང་ཁོང་གི་བྱིས་དུས་ནི་དྲན་གསོ་བྱེད་མི་འདོད་པའི་དཀའ་སྡུག་གི་ལོ་ཟླ་ཞིག་རེད།
བོད་རྙིང་པར་པད་མ་བཀྲ་ཤིས་ཀྱིས་ཉིན་མཚན་ལྟོས་མེད་ངལ་རྩོལ་བྱས་ཀྱང་ལྟོ་གྲོད་པ་རྒྱགས་པ་ཞིག་དང་གོས་ལུས་དྲོས་པ་ཞིག་གྱོན་རྒྱུ་མེད། ཉིན་མོ་ངལ་རྩོལ་བྱེད་སྐབས་གྱོན་ཆས་ཆར་པས་བངས་ཀྱང་གྱོན་ཆས་བརྗེ་ལེན་མེད་པས་མཚན་མོ་གྱོན་ཆས་རྙིང་ཧྲུལ་དང་རློན་པ་དེ་རང་གྱོན་ནས་ཉལ་རྒྱུ་ལས་མ་འདས། དཀའ་སྤྱད་སོ་ནམ་བྱས་པའི་འབྲུ་རིགས་རྣམས་ལོ་ལེགས་བྱུང་མ་ཐག་མང་ཆེ་བ་ཞིང་བྲན་བདག་པོར་སྤྲོད་དགོས་པ་དང་འབྲུ་རིགས་གོང་འབུལ་ཞུ་སྐབས་ཞིང་བྲན་བདག་པོའི་གཉེར་ཚང་ནང་གི་འབྲུ་རྙིང་པར་འབུ་བརྒྱབ་པ་མཐོང་རྒྱུ་ཡོད།
པད་མ་བཀྲ་ཤིས་ཀྱི་དྲན་གསལ་ལ་དེ་སྔོན་རང་ཉིད་ཀྱིས་གོང་འབུལ་ཞུས་པའི་འབྲུའི་ནང་རྩྭ་སྙིགས་ཕྲན་བུ་བསྲེས་པར་ཞིང་བྲན་བདག་པོས་རྟ་ལྕག་གིས་ཉེས་རྡུང་གཏོང་མྱོང་ཡོད་པ་དང་། ཞིང་བྲན་མང་དག་ཅིག་ཞིང་བྲན་བདག་པོ་སྒེར་གྱིས་བཙུཌ་པའི་བཙོན་ཁང་དུ་བཅུག་སྟེ་གདུག་རྩུབ་ཀྱི་ཁྲིམས་གཅོད་མྱོང་བ་མཐོང་མྱོང་ཡོད།
དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ལྡང་ནས་བོད་རྙིང་པའི་སྤྲིན་ནག་རྦད་དེ་གཏོར་བས་པད་མ་བཀྲ་ཤིས་ཀྱི་མི་ཚེར་ཡང་འོད་སྣང་དང་རེ་བས་ཁེངས་ཡོད། ཡར་ལངས་བདག་པོར་གྱུར་པའི་པད་མ་བཀྲ་ཤིས་ཀྱིས་ཕ་ཡུལ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ཏེ། སྔ་རྗེས་སུ་ཐོན་སྐྱེད་རུ་ཁག་གི་རུ་དཔོན་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད།
ད་ཆ་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བགྲེས་སོང་པད་མ་བཀྲ་ཤིས་ཀྱི་འཚོ་བ་ཡང་རྣམ་པ་གསར་རྐྱང་དུ་གྱུར་ཡོད། བགྲེས་སོང་ཁོང་གིས་བདེ་སྐྱིད་ཀྱི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མ་རེད་ཅེས་སྙིང་དབུས་ནས་བརྗོད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།