དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པེ་ཅིང་དུ“ཀྲུང་གོ་དང་ཧ་སག་སི་ཐན་གྱི་རིག་གནས་སྤེལ་རེས་ལོའི”འགོ་ཚུགས་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-04-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་3་ཚེས་31ཉིན་གྱི་དགོང་མོར། “ཀྲུང་གོ་དང་ཧ་སག་སི་ཐན་གྱི་རིག་གནས་སྤེལ་རེས་ལོའི”འགོ་ཚུགས་མཛད་སྒོ་པེ་ཅིང་ཀྲུང་དབྱང་གླུ་གར་ཁང་དུ་འཚོགས་པ་རེད།

    འགོ་ཚུགས་མཛད་སྒོར་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་འཁྲབ་སྟོན་པས་མཉམ་དུ་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་གྱི་ནང་དུ་མི་རིགས་དང་དར་སོ་ཆེ་བའི་གླུ་གཞས་ལེན་པ་དང་། རོལ་ཆ་དཀྲོལ་གཏོང་། གྱོན་ཆས་འགྲེམས་སྟོན་སོགས་སྒྱུ་རྩལ་གྱི་རྣམ་པ་མང་པོ་ཚུད་ཡོད། རྒྱལ་ཁབ་གཉིས་པོའི་འཁྲབ་སྟོན་པས་ཕར་ཕྱོགས་རྒྱལ་ཁབ་ཀྱི་གླུ་གཞས་ལེན་པ་དང་མཉམ་དུ་རོལ་དབྱངས་གྲགས་ཅན་དཀྲོལ་གཏོང་བྱས་ཏེ། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་དང་དེང་རབས་རིག་གནས་སྒྱུ་རྩལ་གྱི་གྲུབ་འབྲས་གང་ལེགས་མཚོན་པ་དང་ཀྲུང་ཧའི་རིག་གནས་སྤེལ་རེས་ཀྱི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོའི“ཀྲུང་གོ་དང་ཧ་སག་སི་ཐན་གྱི་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་དེ་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་དང་། ཧ་སག་སི་ཐན་གྱི་རིག་གནས་དང་ཆ་འཕྲིན་པུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ལོ་འདིའི་ནང་ད་དུང་ཆེད་དོན་འཁྲབ་སྟོན་དང་། བརྗོད་དོན་གཙོ་བོའི་འགྲེམས་སྟོན། མཉམ་དུ་གནའ་རྫས་རྟོག་ཞིབ། སྒྱུ་རྩལ་གྱི་བགྲོ་གླེང་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།