དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཚོ་ཁུག་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སླར་གསོ་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་གྲོས་འགོ་ཁག་ལྔ།

    (2026ལོའི་ཟླ་3ཚེས་31ཉིན། པེ་ཅིང)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-03

    2026ལོའི་ཟླ་3ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཏའར་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས་མཚོ་ཁུག་དང་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་བ་དང་འབྲེལ་གཤམ་གསལ་གྱི་གྲོས་འགོ་ཁག་བཏོན་པ་སྟེ།

    གཅིག དགྲར་འཛིན་བྱ་སྤྱོད་སྤེལ་མཚམས་འཕྲལ་མར་འཇོག་དགོས་ཤིང་། ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་ནས་འཕྲལ་མར་དམག་མཚམས་བཞག་སྟེ་གདོང་གཏུག་བྱུང་རྒྱ་ཆེ་རུ་འགྲོ་བར་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱེད་པ་དང་། དམག་འཁྲུག་གི་ཤུགས་རྐྱེན་ཐེབས་པའི་ས་ཁོངས་ཚང་མར་མི་ཆོས་རོགས་སྐྱོབ་ཀྱི་དངོས་རྫས་སྐྱེལ་འདྲེན་བྱེད་ཆོག་པའི་འབོད་སྐུལ་བྱ་རྒྱུ་ཡིན།

    གཉིས། གང་མགྱོགས་ཞི་བའི་གྲོས་མོལ་ཡོང་བར་བྱེད་དགོས་ཤིང་། དབྱི་རན་དང་མཚོ་ཁུག་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ས་ཆ་ཆ་ཚང་། རྒྱལ་ཁབ་ཀྱི་རང་བཙན་དང་བདེ་འཇགས་བཅས་ལ་སྲུང་སྐྱོང་ཐོབ་པར་བྱེད་དགོས་པ་དང་། སྐད་ཆ་ཤོད་རེས་དང་ཕྱི་ཕྱོགས་འབྲེལ་བ་ནི་གདོང་གཏུག་མི་ཡོང་བའི་ཐབས་ལམ་གཅིག་པུ་དེ་ཡིན་པས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་དོ་བདག་ཕྱོགས་ནས་གྲོས་མོལ་བྱེད་འགོ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱོགས་ཁག་གིས་ཞི་བའི་ཐབས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུའི་ཁས་ཀྱང་ལེན་དགོས། ཞི་བའི་གྲོས་མོལ་བྱེད་རིང་འགལ་བ་བྱུང་བའི་ཕྱོགས་ཁག་སོ་སོས་དྲག་ཤུགས་སྤྱོད་པའམ་ཡང་ན་འཇིགས་སྐུལ་རིགས་བྱས་མི་ཆོག

    གསུམ། དམག་དོན་མིན་པའི་དམིགས་འབེན་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཤིང་། དམག་དོན་འཁྲུག་རྩོད་ཁྲོད་མི་སེར་ལ་སྲུང་སྐྱོང་བྱེད་དགོས་པའི་རྩ་དོན་ལས་བརྒལ་མི་རུང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་གདོང་གཏུག་བྱུང་མཁན་ཕྱོགས་ཁག་ལ་མི་སེར་དང་དམག་དོན་མིན་པའི་དམིགས་འབེན་ལ་གཏོར་རྒོལ་བྱེད་མཚམས་འཕྲལ་མར་འཇོག་དགོས་པ་དང་། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་ཕྱོགས་ཡོངས་ནས་བརྩི་སྲུང་ཞུས་ཏེ་ནུས་རྒྱུ་དང་། མཚོ་ཆུ་ཚྭ་མེད་དུ་སྒྱུར་བ། གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་ཉིང་རྡུལ་གློག་ཁང་སོགས་ཞི་བདེའི་ཉིང་རྡུལ་སྒྲིག་བཀོད་ལ་གཏོར་རྒོལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

    བཞི། གྲུ་ལམ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཤིང་། ཧོར་མུའུ་ཙི་མཚོ་འགག་དང་དེའི་ཉེ་འདབས་ཀྱི་ཆུ་ཁོངས་ནི་རྒྱལ་སྤྱིའི་དངོས་ཟོག་དང་ནུས་རྒྱུ་ཚོང་དོན་གྱི་བགྲོད་ལམ་གལ་ཆེན་ཞིག་རེད། ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་ཕྱོགས་ཁག་ལ་ཧོར་མུའུ་ཙི་མཚོ་འགག་ནང་ཁུལ་གྱི་མཚོ་ཁོངས་སུ་ལུས་པའི་གྲུ་གཟིངས་དང་གྲུ་པའི་བདེ་འཇགས་ལ་སྲུང་སྐྱོང་དང་། དམངས་དོན་དང་ཚོང་དོན་གྲུ་གཟིངས་གང་མགྱོགས་བདེ་འཇགས་ངང་བགྲོད་རྒྱུའི་བཀོད་སྒྲིག་བྱེད་པ། མཚོ་འགག་ཏུ་གྲུ་གཟིངས་རྒྱུན་ལྡན་བཞིན་ཤར་གཏོང་ཐུབ་པ་བཅས་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

    ལྔ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་གནས་བབ་ཨང་དང་པོར་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་གལ་ཆེན་འདོན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་འཁོད་དམིགས་ཡུལ་རྩ་དོན་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་ཏེ། ཕྱོགས་ཡོངས་ཞི་བདེའི་གཞི་སྒྲོམ་འཛུགས་པ་དང་ཡུན་རིང་ཞི་བདེ་ཡོང་བའི་གྲོས་མཐུན་འཇོག་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།