ཀང་ཀྲུའུ་ཨའོ་ཟམ་ཆེན་ཀྲུའུ་ཧའེ་གཞུང་ལམ་འགག་སྒོའི་ཕྱི་ཕྱོགས་ཉོ་ཚོང་ལ་འགོ་ཚུགས་བཀྲ་ཤིས་བྱུང་བ།
ད་ལོའི་ཟླ་བ་དང་པོ་དང་གཉིས་པར་ཀང་ཀྲུའུ་ཨའོ་ཟམ་ཆེན་ཀྲུའུ་ཧའེ་གཞུང་ལམ་འགག་སྒོའི་ཕྱི་ཕྱོགས་ཉོ་ཚོང་ལ་འགོ་ཚུགས་བཀྲ་ཤིས་བྱུང་ཞིང་། ཀུང་པེ་འགག་སྒོའི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལྟར་ན། ད་ལོའི་ཟླ་བ་དང་པོ་དང་གཉིས་པར་ཟམ་ཆེན་འགག་སྒོ་བརྒྱུད་པའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་582.8ཟིན་པ་དེ་དུས་མཚུངས་ལས་55.8%འཕར་ཡོད།
ད་ལོའི་ཟླ་བ་དང་པོ་དང་གཉིས་པར། ཟམ་ཆེན་འགག་སྒོ་ནས་འགག་སྒོའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་དོ་དམ་ལས་སྟེགས་བརྒྱུད་དེ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་212.9ཟིན་པ་དེ་དུས་མཚུངས་ལས་123%འཕར་བ་དང་། ཟམ་ཆེན་ཤར་གཏོང་བྱས་ཚུན། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱིར་གཏོང་བྱེད་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་3000ལས་བརྒལ་ཡོད། མིག་སྔར་ཉིན་རེར་ཆ་སྙོམས་བསྐུར་མ་ཁྲི་200ལྷག་ཙམ་འགག་སྒོ་ནས་ཐོན་ཏེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་གཏོང་གི་ཡོད་པ་དང་། བསྐུར་མ་ཁ་ཕྱེ་བའམ་བསྐུར་མར་རེག་པ་སོགས་བྱེད་མི་དགོས་པར་ཆ་སྙོམས་སྐར་ཆ་6ནང་བསྐུར་མ་རེ་ཞིབ་བཤེར་བྱེད་ཐུབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།