ཤིན་ཅང་གི་དཔྱིད་དུས་ཡུལ་སྐོར་འགྲེམས་ཚོགས་སྐབས་བདུན་པ་གཉེར་བ།
ཟླ་3ཚེས་27ནས་29ཉིན་བར། ཤིན་ཅང་གི་དཔྱིད་དུས་ཡུལ་སྐོར་འགྲེམས་ཚོགས་སྐབས་བདུན་པ་ཤིན་ཅང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཉེར་བ་རེད། འགྲེམས་ཚོགས་ཀྱིས“དར་གོས་ལམ་བུའི་རྣམ་པ་གསར། དཔྱིད་དཔལ་ཤིན་ཅང་ཡུལ་དུ་བཞད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཡུལ་སྐོར་སྤུས་རྟགས་ཁང་དང་། ཡུལ་སྐོར་འཛད་སྤྱོད་ཁང་། རིག་གནས་འགྲེམས་སྟོན་ཚན་རྩལ་ཁང་བཅས་འགྲེམས་ཁུལ་ཆེན་པོ་གསུམ་བཙུགས་ནས་སྲིད་ཇུས་ཁྱབ་བསྒྲགས་དང་། ཐོན་ཁུངས་འོས་སྦྱོར། ཆེད་དོན་བགྲོ་གླེང་། ཤེས་ལྡན་པ་གདན་ཞུ། ཚོང་འགུགས་གན་འཇོག་སོགས་ཀྱི་བྱེད་སྒོ་བརྒྱུད་འགྲེམས་སྟོན་ཉོ་ཚོང་དང་། མཉམ་ལས་ངོ་འཕྲད་གྲོས་མོལ། ཉམས་མྱོང་མཉམ་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་ཡུལ་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
སྐབས་འདིའི་འགྲེམས་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་2000ལྷག་ཙམ་འགྲེམས་སྟོན་ནང་ཞུགས་པའི་ཡིད་དབང་བཀུག་ཡོད། འགྲེམས་ཚོགས་ཐོག་ཡུལ་སྐོར་བས་ས་གནས་ཁག་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་སྔོན་ལ་ཤེས་རྟོགས་དང་། མངོན་མིན་རིག་གནས་ཤུལ་བཞག་ལ་དབྱིངས་ཞུགས་རྣམ་པའི་སྒོ་ནས་མྱོང་ལེན། ཆེད་གཏོགས་ཕན་བདེ་ལོངས་སྤྱོད་བཅས་བྱེད་ཆོག་ལ། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་མི་སྣ་དང་། གསར་གཏོད་པ། ལས་གཏོད་པ་བཅས་ཕན་ཚུན་ཐོན་ཁུངས་སྦྲེལ་མཐུད་དང་། ལས་སྒོ་སྤེལ་རེས། གྲུབ་འབྲས་གཞན་སྒྱུར་བཅས་ཀྱང་བྱེད་ཆོག་པས། དམངས་ཕན་གྱི་ཁྱད་ཆོས་དང་ཐོན་ལས་ཀྱི་རིན་ཐང་གཉིས་ཀ་ལྡན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།