དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི“སྤྱི་དོན་དུ་སྲིད་ཞུགས་དང་དམངས་ལ་དོན་དངོས་སྒྲུབ་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཚུགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    ལི་ཀན་ཅེ་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-03

    ཚེས་31ཉིན། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི“སྤྱི་དོན་དུ་སྲིད་ཞུགས་དང་དམངས་ལ་དོན་དངོས་སྒྲུབ་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཚུགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལི་ཀན་ཅེས་གསུངས་དོན། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣར“སྤྱི་དོན་དུ་སྲིད་ཞུགས་དང་དམངས་ལ་དོན་དངོས་སྒྲུབ་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ལྡོག་མེད་ཀྱི་བླང་བྱ། “ལོ་ལྔ་ཚན་བཅོ་ལྔ་པ”སྤུས་ཚད་མཐོ་པོས་འགོ་འཛུགས་པར་ཞབས་འདེགས་ཞུ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རམ་འདེགས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་འདོན་པའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད། དེས་དམངས་གཙོ་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་དང་བློ་སེམས་གཅིག་མཐུན་དང་ཕྱོགས་མཐུན་མདུན་སྐྱོད་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་དང་། ལག་རོགས། ལས་རོགས་བཅས་ཡག་པོ་བྱེད་པར་ཕན་ཐོགས་ཡོད།

    ལི་ཀན་ཅེས་རེ་བ་བཏོན་དོན། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“དགོངས་པ་སློབ་སྦྱོང་དང་། སྤྱི་ཡོངས་ལ་སྣང་ཆེན། དངོས་སྒྲུབ་ལ་མཐོང་ཆེན། གྲུབ་འབྲས་དངོས་ཐོན་པ”བཅས་སྤྱིའི་བླང་བྱར་བརྩི་བ་དང་། སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དམ་འཛིན་བྱ་གཞིར་བྱེད་པ། རང་རྟོགས་ངང་བློ་སྒྲིལ་སེམས་སྐྱེད་དང་རྩ་གསོ་རྨང་བརྟན་ལ་ཤུགས་རྒྱག་པ། ཚད་གཞི་དང་ཡང་ཡང་བསྡུར་བ་དང་ཞན་ཆ་གནད་འཁེལ་འཚོལ་བའི་ཐད་བྱ་ཐབས་ནན་པོ་སྤྱོད་པ། དངོས་འཛིན་བཙན་འཐབ་དང་གནད་དོན་ཐག་གཅོད་བྱེད་པའི་ཐད་བྱ་ཐབས་དངོས་འདོན་པ། རྒྱུན་རྣམ་ཕུགས་ཕན་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཕན་འབྲས་ཐོན་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་སེམས་ནུས་གཅིག་སྒྲིལ་བྱེད་པའི་ཐད་གྲུབ་འབྲས་དངོས་ཐོན་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་རམ་འདེགས་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།