དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《སློབ་གྲྭ་འབྲིང་ཆུང་གི་ས་ཡོམ་འཕྲལ་སྡོམ་ཉེན་གཡོལ་ཁ་འགྲེམས་ནང་སྦྱོང་ལག་དེབ》ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-03

    ཟླ་3ཚེས་30ཉིན། ཀྲུང་གོ་ས་ཡོམ་ཅུས་དང་སློབ་གསོ་པུས་མཉམ་དུ《སློབ་གྲྭ་འབྲིང་ཆུང་གི་ས་ཡོམ་འཕྲལ་སྡོམ་ཉེན་གཡོལ་ཁ་འགྲེམས་ནང་སྦྱོང་ལག་དེབ》དང་དེ་བཞིན་དཔེ་སྟོན་བརྙན་ལམ་ཡོངས་བསྒྲགས་བྱས་པ་རེད།

    《སློབ་གྲྭ་འབྲིང་ཆུང་གི་ས་ཡོམ་འཕྲལ་སྡོམ་ཉེན་གཡོལ་ཁ་འགྲེམས་ནང་སྦྱོང་ལག་དེབ》དང་དཔེ་སྟོན་བརྙན་ལམ་ནི་ཀྲུང་གོ་ས་ཡོམ་ཅུས་དང་སློབ་གསོ་པུས་ན་ནིང་ཟླ་10པར་མཉམ་དུ་བཀྲམ་པའི《སློབ་གྲྭ་འབྲིང་ཆུང་གི་ས་ཡོམ་འཕྲལ་སྡོམ་ཉེན་གཡོལ་ཁ་འགྲེམས་ནང་སྦྱོང་ཕྱོཌ་སྟོན》གཞིར་བཟུང་བཟོས་པའི་འགྲེལ་བཤད་དཔྱད་ཡིག་ཅིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཐད་མཐོང་དང་ཤེས་སླ་བའི་རྣམ་པའི་ཐོག་ནས་ས་ཁུལ་ཁག་གི་སློབ་གྲྭའི་དགེ་སློབ་ལ་ས་ཡོམ་གྱི་འཕྲལ་སྡོམ་ཉེན་གཡོལ་ཁ་འགྲེམས་ནང་སྦྱོང་གི་འགག་རྩའི་གོ་རིམ་དང་བཀོལ་སྤྱོད་ཀྱི་གནད་འགག་གནད་སྨིན་ཁོང་དུ་ཆུད་པར་བྱེད་རོགས་བྱེད་རྒྱུ་དེ་རེད། ནང་དོན་ནང་སྔོན་བརྡའི་བརྡ་རྟགས་ངོས་འཛིན་དང་། རྣམ་པ་མི་འདྲ་བའི་ཉེན་གཡོལ་གནད་འགག ཁ་འགྲེམས་ལམ་ཐིག་འཆར་འགོད་དང་མཚོན་རྟགས་བཀོད་སྒྲིག ཐོལ་བྱུང་གནས་ཚུལ་འཕྲལ་སྡོམ་ཐག་གཅོད་ཀྱི་གོ་རིམ། དེ་བཞིན་ནང་སྦྱོང་གི་ཕྱོགས་སྡོམ་དང་དཔྱད་དཔོག་བྱ་ཐབས་བཅས་ཚུད་ཡོད་པ་དང་། ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་རྣམ་པ་ཡོངས་ལ་ཁྱབ་ཡོད་པ་རེད།

    གོམ་སྟབས་རྗེས་མར། སྡེ་ཚན་གཉིས་ཀྱིས་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་ལ་ས་ཡོམ་གྱི་འཕྲལ་སྡོམ་ཉེན་གཡོལ་ཁ་འགྲེམས་ནང་སྦྱོང་ཚད་ལྡན་ངང་སྤེལ་བར་རྒྱུན་མཐུད་མཛུབ་ཁྲིད་བྱས་ནས། དགེ་སློབ་ཀྱི་ས་ཡོམ་གྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། འཕྲལ་སྡོམ་ཉེན་གཡོལ་ནུས་པ་ཆེ་རུ་བཏང་སྟེ། སློབ་གྲྭའི་ས་ཡོམ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།