ཟླ་3པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས་སླར་ཡང་རྒྱ་སྐྱེད་བར་མཚམས་སུ་སླེབས་པ།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུའི་ལས་རིགས་བརྟག་དཔྱད་ལྟེ་གནས་དང་ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་གསུམ་པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)50.4%ཟིན་ཏེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.4འཕར་ནས་རྒྱ་སྐྱེད་བར་མཚམས་སུ་སླེབས་པ་དང་། དེ་དང་དུས་མཚུངས་ཡོངས་བསྒྲགས་བྱས་པའི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་མིན་པའི་ཚོང་དོན་བྱེད་སྒོའི་སྟོན་གྲངས་50.1%དང་ཕྱོགས་བསྡུས་PMIཐོན་ཚད་ཀྱི་སྟོན་གྲངས་50.5%ཟིན་ཏེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.6དང་བརྒྱ་ཆའི་གྲངས་1སོ་སོར་འཕར་ནས་དཔལ་འབྱོར་ཡག་ཏུ་འགྲོ་བའི་ཚད་གཞི་ཅུང་མཐོ་རུ་ཕྱིན་ཡོད་པ་རེད།
ཟླ་3པར་བཟོ་སྐྲུན་ལས་རིགས་ཀྱི་མངགས་ཐོ་གསར་པའི་སྟོན་གྲངས་51.6%ཟིན་ཏེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་3འཕར་ཡོད་པ་རེད། དེའི་ནང་སྒྲིག་ཆས་བཟོ་སྐྲུན་དང་། ལག་རྩལ་འདུས་ཚད་མཐོ་བའི་བཟོ་སྐྲུན། འཛད་ཟོག་བཅས་གཙོ་གནད་ལས་རིགས་ཆེན་པོ་གསུམ་གྱི་PMIཚང་མ་རྒྱ་སྐྱེད་ཅུང་མགྱོགས་སུ་ཕྱིན་ཡོད། ཟླ་3པར་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་51.4%ཟིན་ཏེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.8འཕར་ཡོད། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.3འཕར་ནས། ཟླ་20བསྟུད་མར་50%དང་དེ་ཡན་འཁོར་སྐྱོད་ཐུབ་ཡོད། ལག་རྩལ་འདུས་ཚད་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་ཀྱང་ཟླ་20བསྟུད་མར་50%དང་དེ་ཡན་འཁོར་སྐྱོད་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།