དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་7000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-03

     གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་ལས་གཉེར་བྱས་ཚུན། རིམ་རྩིས་བརྒྱབ་ན། ལམ་ཐིག་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་7000ལྷག་ཙམ་ཟིན་ཞིང་། རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་གྱི་འགྲུལ་པ་ཁྲི་78རྒྱལ་སྒྲོལ་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ལ་བསྡད་དེ་ཡུལ་སྐོར་བྱས་པ་དང་། ཟླ་བ་གཅིག་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཤར་གཏོང་ཐུབ་མ་ཐག་པའི་དུས་ཀྱི་མི་ཐེངས་ཁྲི་60ནས་མི་ཐེངས་ཁྲི་225བར་མང་དུ་ཕྱིན་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་3100ལྷག་ཙམ་བཏང་བར། རྒྱལ་མཚམས་འཛུལ་སྒྲོལ་མི་གྲངས་ཐོག་མའི་དུས་ཀྱི་ཉིན་རེར་མི་ཐེངས་300ནས་མི་ཐེངས་1600ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།

    འགྲུལ་པའི་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། ལྕགས་ལམ་སྡེ་ཚན་གྱིས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་མེ་འཁོར་བཀོད་གཏོང་གི་ཇུས་གཞི་ལེགས་སུ་བཏང་ཞིང་། རྒྱལ་ནང་དུམ་བུར། ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་དུས་ཀྱི་མེ་འཁོར་8ནས་མེ་འཁོར་86བར་མང་དུ་བཏང་བ་དང་། རིམ་རྩིས་བརྒྱབ་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་5710ལྷག་ཙམ་ཟིན་ཡོད། ལོ་སིའི་དུམ་བུར། ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་དུས་ཀྱི་མེ་འཁོར་4ནས་མེ་འཁོར་18བར་མང་དུ་བཏང་བ་དང་། རིམ་རྩིས་བརྒྱབ་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1290ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།