ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་11.7%འཕར་བ།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར་གཞིཌ་ན། ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་21534ཟིན་ཏེ་དུས་མཚུངས་ལས་11.7%འཕར་ཡོད་པ་རེད། མཉེན་ཆས་ལས་རིགས་ཀྱི་ཁེ་སྤོཌ་དངུལ་འབོར་སྒོར་དུང་ཕྱུར་2693ཟིན་ཏེ་དུས་མཚུངས་ལས་7.3%འཕར་ཡོད། མཉེན་ཆས་ལས་སྒོའི་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་103.8ཟིན་ནས་དུས་མཚུངས་ལས་12.7%འཕར་ཡོད་པ་རེད།
མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་ཞིང་། ཟླ་དང་པོ་དང་གཉིས་པར་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་4727ཟིན་ཏེ་དུས་མཚུངས་ལས་7.8%འཕར་བའི་ཁྲོད་རྨང་གཞིའི་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་དུས་མཚུངས་ལས་8.1%འཕར་བ་དང་བཟོ་ལས་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་དུས་མཚུངས་ལས་9.4%འཕར་ཡོད་པ་རེད།
ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་དང་པོ་དང་གཉིས་པར་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་14474ཟིན་ཏེ་དུས་མཚུངས་ལས་13.1%འཕར་བ་དེས་ལས་རིགས་ཡོངས་ཀྱི་ཡོང་འབབ་ཀྱི་67.2%བཟུང་ཡོད།
འབྲེལ་ཡོད་གསར་འགྱུར།