ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས།
ཚད་ལྡན་ཅན་དང་དངོས་འཐབ་ཅན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་དཔེ་སྟོན་བཏོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་བསྟར་གཏིང་ཟབ་བྱས་ནས་གཞི་རིམ་བཅོས་སྐྱོང་གི་དགོས་མཁོ་དངོས་ལ་དམིགས་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དང་། དངོས་གཞི་ཅན། དངོས་འཐབ་ཅན་བཅས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བཅོས་སྐྱོང་གི་ཐོན་ཁུངས་རྒྱུན་མཐུད་བསྡུ་སྒྲིལ་བྱེད་པ་དང་། ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ། ཐག་གཅོད་ཀྱི་ནུས་ཕྱོད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཅིག་འཐུས་རྣམ་པའི་བདག་སྤྲོད་དང་། སྡེབ་གཅིག་ལ་ཐག་གཅོད། འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་བཙུགས་ནས་རང་སྐྱོང་ལྗོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་དཔེ་སྟོན་བདེ་བླག་ངང་བཏོད་དེ། འབྲེལ་ཡོད་ཉམས་མྱོང་དང་བྱེད་ཐབས་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་ནས་སློབ་སྦྱོང་བྱས་ཡོད།
ཁྲེང་ཀོན་ཆུས་ཀྱིས་འཐབ་སའི་ཚད་གཞི་མཐོ་རུ་གཏོང་བ་དང་། སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། ལམ་སྲོལ་ལེགས་སུ་གཏོང་བ་བཅས་ཀྱི་ལྟེ་བའི་ལས་འགན་ཆེན་པོ་གསུམ་ལ་དམིགས་ཏེ་བྱེད་ནུས་ཆ་ཚང་བ་དང་འཁོར་སྐྱོད་ཕན་ཆེའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་གཞི་མཐོ་པོས་བསྐྲུན་པ་དང་། སྣེ་ལེན་བདག་སྤྲོད་དང་། འགལ་ཟླ་འདུམ་འགྲིག བཅའ་ཁྲིམས་ཞབས་ཞུ། བཀོད་འདོམས་བཀོད་གཏོང་སོགས་ཀྱི་ནུས་པའི་ཁུལ་ཚན་རིག་དང་མཐུན་པའི་ངང་འཛུགས་པ། དམངས་ཕན་ཞབས་ཞུའི་སྐར་ཁུང་གཏོད་པ། བོད་རྒྱ་སྐད་གཉིས་ཀྱི་ཁྲིད་སྟོན་པ་བཀོད་སྒྲིག་བྱེད་པ། སྲིད་ཁྲིམས་དང་། ཡིག་འབུལ་ཞུ་བཅར། དམངས་སྲིད་སོགས་སྡེ་ཚན་མང་པོས་གཅིག་སྡུད་ཐོག་གཞུང་ལས་སྒྲུབ་པ་དང་མཉམ་འགུལ་འགན་སྒྲུབ་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་རེ་ཞུ“སྒོ་གཅིག་ཀུན་འཐུས་དང་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ”མངོན་འགྱུར་ཐུབ་ཡོད། ཆེད་བསྐོས་དྲ་མིག་པའི་དཔུང་ཁག་དང་ཆེད་ལས་འདུམ་འགྲིག་ཤེས་ལྡན་པའི་འདེགས་སྐྱོར་མ་ལག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ནས་སྣ་མང་མཉམ་འགུལ་གྱི་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ངལ་རྩོལ་གྱི་རྩོད་གཞི་དང་གྲོང་པ་ཁྱིམ་མཚེས་དབར་གྱི་འགལ་ཟླ་སོགས་ཐོན་མང་བའི་དམངས་འཚོའི་དོན་དག་ལ་དམིགས་ཏེ་ཆེད་དོན་ཚན་ཁག་གིས་སྐུལ་འདེད་དང་། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག གདུབ་ཟུམ་སྒྲུབ་གཉེར་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཆུང་ཙག་ནས་ཏན་ཏིག་སེལ་ཐུབ་པར་བྱས་ཡོད།
བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་བརྒྱུད་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་གཉེར་སྐྱོང་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ་དང་། མང་ཚོགས་ཀྱི་རེ་ཞུ་འཕྲལ་མར་སྒྲུབ་ཚད་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། སྤྱི་ཚོགས་བདེ་འཇགས་ཀྱི་འགོག་ཟོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་ཉེན་བརྡ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་བྱུང་སྟེ། ཁོངས་གཏོགས་ཁུལ་གྱི་དུས་བདེ་འཛུགས་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།