ལག་རྩལ་སྣ་གཅིག་ཤེས་གྱུར་ན། ཡོང་འབབ་གསོག་པར་སེམས་ཁྲལ་མེད།

ཉིན་ཤས་བསྟུད་མར་། ཆུ་ཤུར་རྫོང་མི་སྤྱི་ཅུས་ཀྱིས་ངལ་ནུས་སྒྲིག་འཛུགས་དང་རྩལ་ནུས་གསོ་སྦྱོང་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཞིང་འབྲོག་མང་ཚོགས་200ཙམ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་མ་ཟད། ལས་གནས་ལ་མ་ཞུགས་གོང་། རྩལ་ནུས་དང་བདེ་འཇགས་གསོ་སྦྱོང་དང་། ལས་ཀའི་མཁོ་ཆས་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། སྐྱེ་ཁམས་འཛུགས་སྐྱོང་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་བ་བཅས་བྱས་པ་རེད།
འདི་ནི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ཐད་ཀྱི་རྩལ་ནུས་དང་བདེ་འཇགས་གསོ་སྦྱོང་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།