དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སོར་མོའི་རྩལ་ལ་བརྟེན་ནས་འབབ་འཕར་གྱི་ལམ་བུ་གཏོད།

    ——འདམ་གཞུང་རྫོང་རྒྱས་དར་གྲོང་ཚོའི་ལས་ཤེས་གསོ་སྦྱོང་འཛིན་གྲྭའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    དགུན་དུས་ཀྱི་གྲང་ངར་ཆེ་བའི་འདམ་གཞུང་རྩྭ་ཐང་དུ་ཁ་བ་ལྷབ་ལྷུབ་ཏུ་བབས་རུང་། རྒྱས་དར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཚོགས་ཁང་ནང་དྲོ་སྐྱིད་ལྡན་པའི་དགའ་སྤྲོའི་རྣམ་པས་ཁེངས་ཡོད། བུད་མེད་45སྒོར་འཁྱིལ་ལེར་བསྡད་ཡོད་པ་དང་། ཁོང་ཚོས་ཁ་དོག་སྣ་ཚོགས་ཀྱི་བལ་སྐུད་ལས་རྣམ་པར་བཀྲ་བའི་ཐོན་རྫས་བསླས་ཤིང་། བོད་ལུགས་ཀྱི་ཀྱི་རི་མོས་བརྒྱན་པའི་རླངས་འཁོར་ནང་འཇོག་བྱེད་ཀྱི་དྲི་ཞིམ་སྤོས་ཁུག་རེ་རེ་བསླས་ཟིན་དུས་ཁང་པ་ཆུང་ཆུང་དེ་ཡང་སྔར་བས་ལྟ་སྣང་དོད་དུ་ཕྱིན།

    “དེ་སྔོན་ཕྱུགས་འཚོ་བ་དང་ཁྱིམ་ལས་ཚར་རྗེས་ཡང་ན་ཁྱིམ་གྱི་སྒོ་ཁར་བསྡད་དེ་ཁ་བརྡར་གློད་པ་དང་། ཡང་ན་མཉམ་དུ་འཛོམས་ནས་དངུལ་མང་ཙམ་གསོག་འདོད་ཀྱང་ལག་རྩལ་མེད་པས་བྱ་ཐབས་མེད་པར་ཅི་འཕྲོས་མོལ་འཕྲོས་བཤད་ནས་སྡོད་ཀྱི་ཡོད” བློ་རྩེ་གཅིག་སྒྲིམ་གྱིས་མེ་ཏོག་གི་འདབ་མ་སླ་བཞིན་པའི་བུད་མེད་གཅིག་གིས་མགོ་བོ་ཡར་བཀྱག་ནས་འཛུམ་དམུལ་དམུལ་ངང“གྲོང་ཚོའི་ནང་རིན་པ་མི་དགོས་པར་བསླས་འཐག་གི་གསོ་སྦྱོང་འཛིན་གྲྭ་ཞིག་འཛུགས་རྩིས་ཡོད་པ་ཤེས་རྟོགས་བྱུང་བས། ངས་ལམ་སེང་མིང་ཐོ་བཀོད་པ་ཡིན། ད་ཆ་ཉིན་ལྟར་འདི་གར་ལག་ཤེས་སྦྱོང་ཐུབ་ཀྱི་འདུག འཚོ་བ་ཕུན་སུམ་ཚོགས་ལ་སེམས་ཤུགས་ལྡན་པ་ཞིག་ཡོང་གི་འདུག”ཅེས་བཤད།

    བུད་མེད་ཀྱི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱེད་པའི་རྩལ་ནུས་གསོ་སྦྱོང་དེ་འདམ་གཞུང་རྫོང་རྒྱས་དར་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་ཇུས་འགོད་བྱས་པ་ཞིག་རེད། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟླ་བ་ལྷ་མོས“དུས་འགོར་དུད་ཚང་དུ་འཚམས་འདྲིར་སྐྱོད་སྐབས་ཚང་མས་ཁྱིམ་དུ་བསྡད་ནས་དངུལ་གསོག་པའི་ལག་རྩལ་ཞིག་སྦྱོང་འདོད་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བས། ང་ཚོས་འཕྲལ་དུ་ཆེད་མངགས་གྲོང་ཚོ་དེ་གའི་ལག་ཤེས་བྱང་ཆུབ་པའི་ཡུལ་མི་གཉིས་དགེ་རྒན་དུ་གདན་དྲངས་པ་ཡིན”ཞེས་ངོ་སྤྲོད་བྱས། ཁོང་གིས“དགེ་རྒན་དེ་གཉིས་ནི་ཕ་ཡུལ་དེ་གའི་ཡུལ་མི་ཡིན་པས་ཚང་མའི་དགོས་མཁོ་ཤེས་པས་དེ་བས་བློ་བདེ་པོ་འདུག”ཅེས་བཤད།

    “གོམ་སྟབས་རྗེས་མར་ང་ཚོས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་འབྲེལ་བྱས་ཏེ་རང་འགུལ་ངང་དྲ་ཐོག་ཚོང་དོན་ལས་སྟེགས་དང་རྫོང་གྲོང་གི་ཚོང་ཁང་དང་སྦྲེལ་མཐུད་བྱས་ཏེ‘གསོ་སྦྱོང་དང་། གསར་གཏོད། ཕྱིར་ཚོང’བཅས་ཟུང་དུ་འབྲེལ་བའི་འཁོར་འབྲེལ་ཧྲིལ་པོ་གཏོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཟླ་བ་ལྷ་མོས་བཤད་པ་དང་། ཁོང་གིས“གཅེན་གཅུང་ཚོའི‘སོར་མོའི་རྩལ’དེ‘སོར་རྩེའི་དཔལ་འབྱོར’ངོ་མར་འགྱུར་བ་བྱས་ཏེ་ཚང་མས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་བརྟན་པོ་ཞིག་གཏོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།