རྗེ་འབུམ་སྒང་ཁྲོམ་གཞུང་ལྕགས་པོ་རི་སྡེ་ཁུལ་གྱིས།
དང་བླངས་ཞབས་ཞུས་སྡོད་མལ་ལ་འཚམ་པའི་ཁོར་ཡུག་མཉམ་དུ་བསྐྲུན་པ།
ཉེ་ཆར། རྗེ་འབུམ་སྒང་ཁྲོམ་གཞུང་ལྕགས་པོ་རི་སྡེ་ཁུལ་གྱིས་ལྕགས་པོ་རི་ལྗོངས་གཟིགས་སྒང་དང་དེའི་ཉེ་འཁོར་གྱི་ཁྱབ་ཁོངས་སུ“ཡ་རབས་བྱ་སྤྱོད་ཆུ་ཚོད་གཅིག་སྤེལ་བའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་སྡེ་ཁུལ་གྱི་མེ་ཟོན་བདེ་འཇགས་དང་སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་མཛེས་བཟོར་དམིགས་པས་སྡེ་ཁུལ་གྱི་དང་བླངས་པ་མང་པོ་དེའི་ནང་ཞུགས་པའི་ཡིད་དབང་བཀུག་ཅིང་། བྱེད་སྒོ་སྤེལ་བའི་ཉིན་མོར་དང་བླངས་པ་ཚོས་དུས་ཐོག་ཏུ་ལྕགས་པོ་རིའི་ལྗོངས་གཟིགས་སྒང་དུ་འཛོམས་ནས་ཚང་མས་ཟོར་བ་དང་། ལག་ཤུབས། གད་སྙིགས་བླུགས་སྣོད་སོགས་འཁྱེར་ནས་སེམས་ཤུགས་ཆེན་པོས་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་པ་རེད།
ས་ཡུལ་དངོས་སུ་དང་བླངས་པ་ཚོས་ལྗོངས་གཟིགས་སྒང་མཐའ་འཁོར་དང་རྐང་ཐང་ལམ་གཡས་གཡོན་གྱི་རྩི་ཤིང་ལ་གོ་རིམ་ལྡན་པའི་ངང་ཡལ་གཅོད་བརྒྱབ་པ་དང་འབྲེལ། རྩྭ་སྐམ་པོ་དང་གད་སྙིགས་མཉམ་དུ་རྩྭ་རས་ནང་བླུགས་ནས་དམིགས་འཛུགས་སར་གཅིག་འགྱུར་དབོར་འདྲེན་བྱས་པ་རེད། སྔོན་ཆད་ཟང་ཟིང་ཆེ་བའི་ཤིང་གི་ཡལ་ག་དང་རྩྭ་སྐམ་པོ་དག་གཙང་སེལ་བྱས་པ་བརྒྱུད། ལྗོངས་གཟིགས་སྒང་མཐའ་འཁོར་གྱི་མཐོང་རྒྱ་ཇེ་ཆེར་ཕྱིན་པ་དང་ཁོར་ཡུག་དེ་བས་གཙང་ལ་མཛེས་སྡུག་ལྡན་པར་གྱུར་ཡོད།
ཁོར་ཡུག་བཅོས་སྒྲིག་བྱས་པ་ཕུད། དང་བླངས་པ་ཚོས་ད་དུང་རང་འགུལ་ངང་མེ་ཟོན་དྲིལ་བསྒྲགས་ཀྱང་བྱས་པ་རེད།
ད་ཐེངས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོར་རིམ་རྩིས་བརྒྱབ་ན་རྩྭ་སྐམ་པོ་དང་གད་སྙིགས་རྩྭ་རས་50ལྷག་ཙམ་གཙང་སེལ་བྱས་པ་དེ་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་80ལྷག་ཙམ་ལ་ཁྱབ་པ་དང་། ཐད་ཀར་ཞབས་ཞུ་དང་དྲིལ་བསྒྲགས་བྱས་པ་བརྒྱུད་ཡུལ་སྐོར་བ་དང་གྲོང་མི་མི་ཐེངས་300ལྷག་ཙམ་ལ་བབ་ཆགས་བཟང་པོ་བཞག་ཡོད།
འབྲེལ་ཡོད་གསར་འགྱུར།