ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཉི་གཏད་སྡེ་ཁུལ་གྱིས།
བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་བསྲུངས་པ།
གནམ་གཤིས་འགྱུར་ལྡོག་ཆེ་བ་དང་ཚ་གྲང་མི་སྙོམས་པར་དམིགས་ནས། ཉི་གཏད་སྡེ་ཁུལ་གྱིས་ཟླ་1པོའི་ཟླ་དཀྱིལ་ནས་བཟུང་། རྒྱུན་རྣམ་ཅན་གྱི་སྒོ་ནས་མཚན་མོའི་བདེ་འཇགས་སྐོར་ཞིབ་བྱེད་འགོ་ཚུགས་ཤིང་། ལས་དོན་མི་སྣ་དང་དྲ་མིག་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་སྐོར་ཞིབ་རུ་ཁག་བཙུགས་ནས་དྲོད་ལེན་དང་། མེ་ཟོན་གྱི་མངོན་མེད་རྐྱེན་ངན། གྲོང་ཁྱེར་གྱི་སྒྲིག་ལམ་སོགས་ལ་གཙོ་གནད་ཐོག་དམིགས་ཏེ་མང་ཚོགས་ཀྱི་བདེ་འཇགས་འགོག་སྲུང་དྲ་བ་ཚགས་དམ་དུ་བཏང་ཡོད།
དགོང་མོའི་ཆུ་ཚོད་7པ་ནས་11བར། སྐོར་ཞིབ་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་གྲྭ་བཞི་གྲོང་གསར་ལམ་དང་གྲོང་མི་སྡོད་ཁུལ་གྱི་སྲང་ལམ་བརྒྱུད་དུ་ལེབ་བཤེར་རྣམ་པའི་སྐོར་ཞིབ་བྱས་པ་དང་། གྲྭ་བཞི་གྲོང་གསར་ལམ་རྒྱུད་ཀྱི་ཚོང་ཁང་དུ་ལས་དོན་མི་སྣས་ཚོང་ཁང་ཕྱི་རོལ་དུ་ཅ་ལག་གང་བྱུང་དུ་སྤུངས་པ་དང་ཚོང་ཁང་གི་ཕྱི་རོལ་དུ་ཚོང་རྒྱག་པ་སོགས་ཀྱི་བྱ་སྤྱོད་སྤེལ་མཁན་ལ་གཙོ་གནད་དུ་ཁ་ཏ་བསླབ་བྱ་བྱས་པ་དང་། ཚོང་དུད་རྣམས་ལ་གད་སྙིགས་དབྱུགས་ས་20ལྷག་ཙམ་གཙང་བཤེར་བྱེད་རོགས་བྱས་པ་མ་ཟད། འཕྲུལ་སྒུལ་མིན་པའི་འཁོར་རིགས་འཇོག་ས་30ལྷག་ཙམ་ཚད་ལྡན་དུ་བཏང་སྟེ་སྐོར་སྐྱོད་ཚོང་པ་རྣམས་དམིགས་འཛུགས་ས་ཁོངས་སུ་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་བྱས་པ་རེད།
རྡོ་སོལ་གྱིས་དྲོད་ལེན་བྱེད་པའི་བདེ་འཇགས་ནི་སྐོར་ཞིབ་ལས་དོན་གྱི་གཙོ་གནད་ཅིག་རེད། ཉི་གཏད་སྡེ་ཁུལ་གྱི་ཁང་པ་ཐོག་གཅིག་མ་དང་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་མང་ཆེ་བས་རྡོ་སོལ་འབུད་ནས་དྲོད་ལེན་ཐབས་བྱེད་ཀྱི་ཡོད་པས་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པ་དང་མེ་སྐྱོན་གྱི་ཉེན་ཁ་མངོན་གསལ་དོད་པོ་ཡོད། སྐོར་ཞིབ་མི་སྣས་དུད་ཚང་རེ་རེ་བཞིན་དྲོད་ལེན་སྒྲིག་ཆས་ལ་འཐེན་བཤེར་དང་། ཐབ་ཆས་དང་དུ་ཁུང་ཤར་གཏོང་ཐུབ་ཚད་ལ་ཞིབ་བཤེར་ཞིབ་ཕྲ། མེ་གསོད་ཡོ་བྱད་ཡག་པོ་ཡོད་མེད་ལ་ཞིབ་བཤེར་བཅས་བྱས་ཏེ། མངོན་མེད་རྐྱེན་ངན་ཆུང་གྲས་ཁག་8ཤེས་རྟོགས་བྱུང་བ་དག་ས་གནས་ས་ཐོག་ཏུ་བཅོས་སྒྲིག་བྱེད་པར་མཛུབ་ཁྲིད་བྱས་ཡོད།
མིག་སྔའི་བར། ཁྱོན་བསྡོམས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་12ཞིབ་བཤེར་བཅོས་སྒྲིག་བྱས་པ་དང་། ཚོང་དུད་40ལྷག་ཙམ་གྱི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ལྡན་ངང་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།