དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སེམས་ཤུགས་གཅིག་ཏུ་བསྒྲིལ། དམངས་ཀྱི་སེམས་ཁྲལ་སེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    འདི་ནི་སྣ་དཀར་རྩེ་རྫོང་མི་དམངས་སྨན་ཁང་གི་ལས་དོན་པས་མདོ་ཆོས་གྲོང་ཚོའི་བུད་མེད་མང་ཚོགས་ལ་སྨན་སྤྲོད་བཞིན་པ།

    འདི་ནི་མདོ་ཆོས་གྲོང་ཚོའི་ཡུལ་མི་ཚོས་བྱེད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུས་མདོ་ཆོས་ཤང་སྲིད་གཞུང་དང་། རྫོང་ཁྲིམས་ཁང་། རྫོང་རིག་གནས་ཡུལ་སྐོར་ཅུས། རྫོང་ལྟེ་བའི་སྨན་ཁང་བཅས་དང་མཉམ་དུ། མདོ་ཆོས་ཤང་དུ“དངོས་སྒྲུབ་བྱས་ནས་རྣམ་པ་གསར་པ་གཏོད། བུད་མེད་རྣམ་པས་བྱས་རྗེས་གསར་པ་འཇོག”ཅེས་པ་དང་དྲོ་སྐྱིད“གཤམ་སྤེལ་ལྔ”གཞི་རིམ་དུ་སྐྱེལ་བ་དང་བཟོ་ཚོགས་ཀྱི་ཞབས་འདེཌ་མཉམ་ཞུའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་རིག་གནས་དམངས་ཕན་དང་། ཁྲིམས་ལུཌ་ཁྱབ་གདལ། བདེ་ཐང་ཞབས་ཞུ། རྒན་བཀུར་བྱམས་སྐྱོང་བཅས་ནང་དོན་གཙོ་བོར་བྱས་ཁར། རིག་རྩལ་འཁྲབ་སྟོན་དང་། བཅའ་ཁྲིམས་སྒྲོག་འགྲེལ། འོས་འགན་སྨན་བཅོས་སྨན་སྐྱེལ། རྒན་བཀུར་རྒན་གཅེས་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ལེགས་པར་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།