དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས།

    བར་སྐོར་གནའ་གྲོང་གི་མདོང་དྲ་སྒྱུར་བཀོད་ལས་དོན་བདེ་བླག་ཡོང་བར་འགན་ལེན་ཏན་ཏིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    བར་སྐོར་གནའ་གྲོང་གི་སྲང་ལམ་གྱི་མདོང་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱས་ནས་གྲོང་མིས་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་དེའི་ནང་ཞུགས་དབང་ལ་འགན་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་སྲང་ལམ་གྱི་མདོང་དྲ་སྒྱུར་བཀོད་ལས་གྲྭའི་དྲིལ་བསྒྲགས་སྐུལ་སློང་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། ཁོངས་གཏོགས་ཁུལ་གྱི་གྲོང་མི་དང་ཚོང་པའི་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་ཐོབ་པ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྲང་ལམ་གྱི་མདོང་དྲ་ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱེད་པ་ནི་བར་སྐོར་གནའ་གྲོང་གི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། ཁོངས་གཏོགས་ཁུལ་གྱི་ཆུ་སྦུག་རྙིང་པ་ཆགས་པ་དང་གྲོང་མིར་ཆུ་སྤྱོད་དང་ཆུ་འབུད་ཐད་སྟབས་བདེ་མེད་པ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད། སྔོན་དཔག་བྱས་ན། ལས་གྲྭའི་ལས་ཡུན་ཉིན་50ལྷག་ཙམ་ཡིན་པ་དང་། མང་ཚོགས་ཚོས་ལས་གྲྭའི་དོན་སྙིང་དང་ལས་གྲྭའི་བཀོད་སྒྲིག་ཤེས་རྟོགས་གང་ལེགས་ཐུབ་ཆེད། ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས་དྲིལ་བསྒྲགས་སྔོན་ལ་བྱེད་པ་དང་ཞབས་ཞུ་སྔོན་ལ་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུད་ཚང་ཚང་མར་སྲིད་ཇུས་སྒྲོག་འགྲེལ་བྱས་ཡོད།

    སྡེ་ཁུལ་གྱི་ལས་དོན་པས་བསམ་པ་རྣམ་དག་ངང་སྤེལ་རེས་དང་ཞབས་ཞུ་ཞིབ་ཚགས་བསྒྲུབས་ནས་གྲོང་མིར་དམངས་འཚོའི་འདུ་འགོད་ལས་བྱུང་བའི་དངོས་ཕན་དང་སྟབས་བདེ་ཚོར་ཐུབ་པར་བྱས་པ་མ་ཟད། ཚང་མར་ཨར་སྐྲུན་རིང་གི“སྐབས་འཕྲལ་སྟབས་བདེ་མེད་པར”ལྟ་སྟངས་ཡང་དག་བཟུང་ནས་སྒྱུར་བཀོད་རྗེས་ཀྱི“ཡུན་རིང་སྟབས་བདེར”ཐུན་མོང་ཐོག་རེ་སྒུག་བྱེད་པའི་ཁྲིད་སྟོན་ཡང་བྱས་ཡོད།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཁོངས་གཏོགས་ཁུལ་གྱི་ཚོང་དུད་དང་གྲོང་མིའི་སྒོ་ར་ཡོངས་ལ་ཁྱབ་པས། མང་ཚོགས་ཀྱི་སེམས་ཁྲལ་ནུས་ལྡན་ངང་སེལ་བ་དང་སྡེ་ཁུལ་དང་གྲོང་མིའི་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཏེ། མདོང་དྲ་སྒྱུར་བཀོད་བདེ་བླག་ངང་ལས་འགོ་འཛུགས་རྒྱུར་མང་ཚོཌ་ཀྱི་རྒྱབ་སྐྱོར་ཧུར་ཐག་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།